← ཟླ་2ཚེས་20ཉིན་ནང་སོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ལེང་ཁྲེང་གངས་ཤུད་ར་བར་གཉེར་བའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་དགུན་དུས་ལུས་རྩལ་རྣམ་གྲངས་གཉིས་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཀྱི་སྤྱི་ལེ་12.5ཡི་མཉམ་སྡེབ་རྡོག་ཐོན་གྱི་འགྲན་བསྡུར་ནང་ཧོ་པེ་རུ་ཁག་གི་བདམས་ཐོན་པ་ཁྲུའུ་ཡོན་མོང་གིས་སྐར་མ་41དང་སྐར་ཆ་34གྲངས་ཆུང་4ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། ཅི་ལིན་རུ་ཁག་གི་བདམས་ཐོན་པ་མོང་ཧྥན་ཆི་དང་ལེའོ་ཉིང་རུ་ཁག་གི་བདམས་ཐོན་པ་དབྱང་ལན་ཧུང་གིས་ཨང་གཉིས་པ་དང་གསུམ་པ་སོ་སོར་བླངས་པ་རེད། འདི་ནི་ཨང་དང་པོ་ཐོབ་མཁན་ཧོ་པེ་རུ་ཁག་གི་བདམས་ཐོན་པ་ཁྲུའུ་ཡོན་མོང(དཀྱིལ)དང་། ཨང་གཉིས་པ་ཐོབ་མཁན་ཅི་ལིན་རུ་ཁག་གི་བདམས་ཐོན་པ་མོང་ཧྥན་ཆི(གཡོན) ཨང་གསུམ་པ་ཐོབ་མཁན་ལེའོ་ཉིང་རུ་ཁག་གི་བདམས་ཐོན་པ་དབྱང་ལན་ཧུང་བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།