2023ལོ་ནས་བཟུང་། བོད་ཀྱི་རིམ་ཁག་དཔྱ་ཁྲལ་སྡེ་ཚན་གྱིས་གོ་རིམ་ལྡན་པའི་ངང་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི”དཔྱ་ཁྲལ་ཁང(ཡན་ལག་ཅུས་དང་། ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན)འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས་རྩོད་གཞི་དང་རེ་ཞུ་སྣ་ཚོགས་ལ་བརྡ་ལན་ཞུ་བའི་ལམ་སྲོལ་ལེགས་སུ་གཏོང་བ་དང་། ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་རིག་ནུས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བར་ཤུགས་སྣོན་རྒྱག་པ། ཁྲལ་གཉེར་དང་གྲོན་འཇལ་སོགས་ཀྱི་སྒུག་ཡུན་ཐུང་དུ་གཏོང་བ་བཅས་བྱས་པས། ཁྲལ་གྲོན་འགྲོ་ལུགས་གཉེར་བའི་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མངོན་གསལ་དོད་པོར་བཞག་ནས་ལམ་སྲོལ་རིམ་བཞིན་ལེགས་སུ་བཏང་བ།
“ང་ཚོས་ཏང་གི་འགོ་ཁྲིད‘ཧྥེང་ཆའོ་རྣམ་པའི’ཁྲལ་གྲོན་ཞབས་ཞུའི་ལས་དོན་གྱི་བརྒྱུད་རིམ་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དུ‘ཧྥེང་ཆའོ་ཞབས་ཞུའི་ཏང་ཡོན་དཔེ་སྟོན་ལས་སྟེགས’བཙུགས་ནས་ཁྲལ་གྲོན་གྱི་རྩོད་གཞིའི་དོན་གནད་དང་ལེན་དང་ཐག་གཅོད་བྱས་ཏེ། ‘ཁྲལ་གྲོན་ཞབས་ཞུའི་ལས་དོན་ཁང’གི་ནུས་པ་གང་ལེགས་བཏོན་པ་དང་། ‘ཏང་ཡོན་དང་། རྐང་འཛིན་ལས་བྱེད་པ། རིགས་གཅིག་མཁས་ཅན་བཅས་ཟུང་དུ་འབྲེལ་བའི’འདུམ་འགྲིག་ཚོགས་པ་བཙུགས་ནས་ཁྲལ་གྲོན་རྩོད་གཞི་དང་དོགས་གནད་དང་ལེན་བྱས་ཏེ་ཕན་འབྲས་འདྲི་རྩད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲལ་གྲོན་གྱི་རྩོད་གཞིར་སྔ་ཙམ་ཞུགས་པ་དང་སྔ་ཙམ་ནས་ཐག་གཅོད་ཐུབ་པར་བྱས་པ་མ་ཟད། ཐག་བཅད་པའི་རྩོད་གཞིའི་དོན་གནད་ལ་ཏང་ཡོན་ལས་བྱེད་པ་བཀོད་སྒྲིག་བྱས་ནས་བསྐྱར་དུ་འདྲི་རྩད་བྱས་ཏེ། ‘དོན་ཆུང་ཡན་ལག་ཅུས་ནས་ཐག་གཅོད་པ་དང་། རྩོད་གཞི་རང་སར་སེལ་ཐུབ་པའི’འགན་ལེན་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་དཔྱ་ཁྲལ་ཅུས་དཔྱ་ཁྲལ་ཡན་ལག་ཅུས་གཉིས་པའི་འགན་འཁུར་བ་ཞུས་ཡུས་པིན་གྱིས་བཤད།
བོད་རང་སྐྱོང་ལྗོངས་དཔྱ་ཁྲལ་ཅུས་དཔྱ་ཁྲལ་ཡན་ལག་ཅུས་གཉིས་པས“ཧྥེང་ཆའོ་རྣམ་པའི”དཔྱ་ཁྲལ་ཡན་ལག་ཅུས་འཛུགས་པའི་བྱེད་སྟངས་བཏོད་པ་དེ་ནི་བོད་ཀྱི་དཔྱ་ཁྲལ་སྡེ་ཚན་གྱིས་ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས། གཞི་རིམ་གྱི་རྩོད་གཞི་འདུམ་འགྲིག་ཐད་གནད་སྨིན་ཤུགས་འདོན་དང་ཐག་གཅོད་ཀྱི་ལམ་སྲོལ་ལེགས་སུ་གཏོང་བར་ཤུགས་བརྒྱབ་སྟེ། དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི”དཔྱ་ཁྲལ་ཁང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་བརྡུས་རིས་ཤིག་རེད། ན་ནིང་ནས་བཟུང་། བོད་རང་སྐྱོང་ལྗོངས་དཔྱ་ཁྲལ་ཅུས་ཀྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཁྲིམས་བཞིན་ཁྲལ་བཅོས། ཁྲལ་གྲོན་ལ་ཞབས་འདེགས་ཞུ་བ། རྩོད་གཞི་འདུམ་འགྲིག་ཐག་གཅོད། དཔུང་ཁག་འཛུགས་སྐྱོང་བཅས་ཀྱི“རིགས་ཆེན་པོ་ལྔའི”ལས་དོན་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད།
རྩོད་གཞི་ཐག་གཅོད་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁྲལ་བསྡུ་དང་ཁྲལ་འཇལ་གྱི་ཕན་འབྲས་སྔར་ལས་ཆེ་བ་ཡོང་བར་བྱས་པ།
བོད་ཀྱི་དཔྱ་ཁྲལ་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དཔྱ་ཁྲལ་ལས་ཁུངས་དང་ཁེ་ལས་དབར་སྦྲེལ་ཟམ་བསྐྲུན་ནས་ཁྲལ་བསྡུ་དང་ཁྲལ་འཇལ་དབར་ཞི་མཐུན་འབྲེལ་བ་བཙུགས་པ་དང་། མཐའ་མཚམས་ཀྱི་ཁྲལ་གྲོན་ཞབས་ཞུའི་བར་ཁྱམས་བསྐྲུན་ནས“མི་བྱེད་པ་གསུམ”(ཞབས་ཞུའི་ལས་གནས་སྟོང་པར་མ་ལུས་པ་དང་། དོ་དམ་མི་སྒྱུར་བ། འགལ་བ་གོང་ལ་རྩིས་མི་སྤྲོད་པ)གྱི་བྱ་ཐབས་ལ་བརྟེན་ནས་དཔྱ་ཁྲལ(ཁྲལ་གྲོན)དང་འབྲེལ་བའི་འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས། “མི་ཐོན་པ་གསུམ”(ཁྲལ་གྲོན་གྱི་རྩོད་གཞི་དྲ་མིག་ནས་མི་ཐོན་པ་དང་། འགལ་བ་སེལ་རྒྱུ་ཅུས་ནས་མི་ཐོན་པ། ཡིག་འབུལ་ཞུ་བཅར་ཐག་གཅོད་བྱ་རྒྱུ་རྫོང་ནས་མི་ཐོན་པ)གྱི་ཁྲལ་གྲོན་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་ཐུབ་པའི་རྣམ་པ་ཞིག་ཆགས་ཡོད།
མཚོ་སྣ་རྫོང་དཔྱ་ཁྲལ་ཅུས་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི”དཔྱད་ཁྲལ་ཅུས་ཀྱི་དཔེ་སྟོན་ས་ཚིགས་སུ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་གཏན་འཁེལ་བྱས་ཚུན། ཅུས་དེས་དཔྱ་ཁྲལ་ལས་ཁུངས་ནི་དང་ཐོག་ཆབ་སྲིད་ཀྱི་ལས་ཁུངས་ཤིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་གཞུང་ཞབས་ཁྲིམས་རྩོད་པའི་དཔྱ་ཁྲལ(ཁྲལ་གྲོན)དང་འབྲེལ་བའི་རྩོད་གཞི་བློ་འདྲི་འདུམ་འགྲིག་ལས་དོན་ཁང་བཙུགས་ཏེ། སྲིད་གཙང་འཛུགས་སྐྱོང་དང་། ཁྲིམས་སྐྱོང་འཛུགས་སྐྱོང་། དཔྱ་ཁྲལ(ཁྲལ་གྲོན)དང་འབྲེལ་བའི་འདུམ་འགྲིག སྲིད་ཇུས་དོན་འཁྱོལ། དྲིལ་བསྒྲགས་ཞབས་ཞུ་སོགས་ཀྱི་འགན་ནུས་གཅིག་ཏུ་བསྡུས་ནས་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་ཞིང་ཞབས་ཞུའི་འདུ་ཤེས་ཟབ་པའི་ན་གཞོན་ལས་བྱེད་པ་འདུམ་འགྲིག་ཚོགས་པར་སྔོན་ལ་བཅུག་ནས“གསོ་སྦྱོང་གཉིས་ཀྱི་འདུ་འགོད”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
མིག་སྔའི་བར། ལས་དོན་ཁང་དེས་ཁྲལ་གྲོན་འཇལ་མཁན་གྱི་བློ་འདྲི་སྣ་ཚོགས་126དང་ལེན་བྱས་པ་དང་། དཔྱ་ཁྲལ་དང་འབྲེལ་བའི་རྩོད་གཞིའི་གནད་དོན་4འདུམ་འགྲིག་བྱས་པ་རེད།
ལས་སྟེགས་དང་ཐབས་ལམ་རྒྱ་ཆེར་བཏང་ནས་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ།
“ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དུ་སླེབས་རིམ་བཞིན་ཁྲལ་དོན་མཛུབ་སྟོན་པས་སེམས་རྩ་འཁོལ་པོས་ང་ཚོས་དྲིས་པའི་ཁྲལ་གཉེར་དོན་གནད་ལ་ལན་བཏབ་པ་མ་ཟད། ངང་རྒྱུད་རིང་པོས་ཁྲལ་གཉེར་གྱི་ལས་རིམ་ལ་འགྲེལ་བཤད་བརྒྱབ་པས། ང་ཚོས་དཔྱ་ཁྲལ(ཁྲལ་གྲོན)དང་འབྲེལ་བའི་ལས་སྒོའི་འགྲོ་ལུགས་གཉེར་སྐབས་ནོར་འཛོལ་མ་ཐོན་པར་དཔྱ་ཁྲལ(ཁྲལ་གྲོན)ལས་སྒོའི་འགྲོ་ལུགས་སྔར་བས་མགྱོགས་པོ་དང་སྟབས་བདེ་པོས་གཉེར་ཐུབ་ཀྱི་འདུག”ཅེས་བོད་ལྗོངས་ནོར་བརྟན་གཞུང་ལམ་བདག་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་ནོར་དོན་འགན་འཁུར་བ་ཐང་ཚུའེ་ཡིས་ལྷ་ས་གྲོང་ཁྱེར་དཔྱ་ཁྲལ་ཅུས་སྣེའུ་ཁུལ་གསར་དཔྱ་ཁྲལ་ཡན་ལག་ཅུས་ཀྱིས་བཏོན་པའི“ཁྲལ་དོན་མཛུབ་ཁྲིད་ལས་སྟེགས་དང་ལེགས་བསྡུས་ཁྲལ་གཉེར་ཟུང་དུ་འབྲེལ་བའི”མཉམ་ཤུགས་གཅིག་སྒྲིལ་གྱི་ཞབས་འདེགས་ཞུ་སྟངས་ལ་བསྔགས་བརྗོད་ཟམ་མི་ཆད་པར་བྱེད་བཞིན་དུ་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དཔྱ་ཁྲལ་ཅུས་སྣེའུ་ཁུལ་གསར་དཔྱ་ཁྲལ་ཡན་ལག་ཅུས་ཀྱིས་གླིང་ཁུལ་གྱི་ཚོང་གཉེར་བྱེད་པོའི་ཁྱད་ཆོས་དང་འཕེལ་ཕྱོགས་ལ་གཞིགས་ནས་རིག་ནུས་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་རིམ་སྤོར་སྒྱུར་བཀོད་བྱས་ནས“ལེགས་བསྡུས་ཁྲལ་གཉེར་ཞབས་ཞུ་ཁུལ”གྱི་ཞབས་ཞུའི་བྱེད་ནུས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། “ཁྲལ་དོན་མཛུབ་ཁྲིད་ལས་སྟེགས་དང་། ལེགས་བསྡུས་ཞིབ་གཉེར་གྱི་ཁྲལ་གཉེར་ཟུང་དུ་འབྲེལ་བའི”ཞབས་འདེགས་ཞུས་པ་མ་ཟད། སྤྱོད་ཚུལ་ལེགས་ཤིང་གདོང་ལེན་བྱེད་ཕོད་པ་དང་མདུན་དུ་སྐྱོད་ཐུབ་མཁན་གྱི་ཕུལ་བྱུང་ལས་བྱེད་པ་འཕྲལ་མར་སྐོང་འཐེན་བྱས་ནས་རྒྱུན་དུ་རྣམ་འགྱུར་ལེགས་ཤིང་། སེམས་རྩ་འཁོལ་པོའི་སྒོ་ནས་དཔྱ་ཁྲལ(ཁྲལ་གྲོན)དང་འབྲེལ་བའི་འགལ་བ་འདུམ་འགྲིག་ལེགས་པོ་ཐུབ་པའི་སྟོབས་ཤུགས་སྒྲིག་འཛུགས་བྱས་པས། ཁྲལ་གྲོན་འཇལ་མཁན་ལ་ཞབས་འདེགས་མདུན་དུ་ཞུ་ཐུབ་པ་དང་། ཁྲལ་དོན་མཛུབ་ཁྲིད་དང་བློ་འདྲི་ཕྱོགས་ཡོངས་ནས་བྱེད་ཐུབ་པ་བྱུང་བ་རེད།
(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)