“ང་ཚོའི་འདིར་ཏང་ཡོན་ཁ་ལོ་བ་5ཡོད། ཁོ་ཚོའི་ཏང་རྩ་འཛུགས་ཀྱི་འབྲེལ་བ་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཁག་ཏུ་ཡོད། དེར་བརྟེན་གོང་རིམ་ཏང་ཨུད་ཀྱིས་ང་ཚོའི་འགོ་ཁྲིད་ནས་གྲོང་ཁྱེར་ཡོངས་ཀྱི་སྐྱེལ་འདྲེན་ཁེ་ལས་ཀྱི་ཏང་ཀྲི་པུའུ་ཐོག་མ་དེ་བཙུགས་པར་ཚང་མས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག”ཅེས་གཞིས་རྩེ་ཧེང་ཧྥ་རྡོ་སྣུམ་སྐྱེལ་འདྲེན་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཆུང་གིས་དགའ་ཚོར་ཆེན་པོས་བཤད།
ད་ཕན་ལོ་ཤས་རིང་། གཞིས་རྩེ་གྲོང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་གསར་དར་ཁྱབ་ཁོངས་སུ་ཏང་འཛུགས་སྐྱོང་གི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱས་པ་བརྒྱུད། ཏང་གིས་ལས་ཞུགས་གསར་པའི་ཚོགས་སྤྱིར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། བསམ་བློའི་ཁྲིད་སྟོན། དཔེ་སྟོན་གྱི་ཁྲིད་སྟོན་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་གསར་དར་ཁྱབ་ཁོངས་ཁྲོད་ཀྱི་ཏང་གི་འབོད་སྐུལ་ནུས་པ་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་རིམ་ལྔའི་ཏང་རྩ་འཛུགས་ཀྱིས་གསར་གཉིས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱེད་པའི་འགན་འཁྲིའི་གསལ་ཐོ》བཀྲམ་ནས་གཅིག་གྱུར་ཁོངས་སྒྲིལ་དང་། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ། འགན་འཁྲི་ཁ་གསལ། གོང་འོག་མཉམ་འགུལ་བཅས་ཀྱི་ལས་ཞུགས་གསར་པའི་ཚོགས་སྤྱིའི་ཏང་འཛུགས་སྐྱོང་ལས་དོན་ལམ་སྲོལ་བཙུགས་པ་དང་ཆབས་ཅིག ལས་ཞུགས་གསར་པའི་ཚོགས་སྤྱིའི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་ཁེར་འཛུགས་དང་། མཉམ་འཛུགས། ས་ཁོངས་ཀྱིས་གཅིག་གྱུར་ཐོག་འཛུགས་པ། སྦྲགས་སྦྱོར་བྱས་ནས་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་ཁྱེར་རིམ་པར་ལས་རིགས་སྡེ་ཚན་ལ་བརྟེན་ནས་དྲ་སྦྲེལ་ལས་རིགས་ཀྱི་ཏང་ཨུད་དང་། གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་ཀྱི་ཏང་ཨུད། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཏང་ཨུད་བཅས་ལས་རིགས་ཏང་ཨུད་3བཙུགས་ཏེ། ལས་ཞུགས་གསར་པའི་ཚོགས་སྤྱི་ཡོངས་ལ་ཏང་གིས་འགོ་ཁྲིད་ཐུབ་པར་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོ་གཞི་གཅིག་ཅན་དང་ཏང་རྩ་འཛུགས་ཀྱིས་ཆ་བསྒྲིགས་མཉམ་སྐྲུན་བྱེད་པ་སོགས་སྒོ་དབྱེའི་རྣམ་པའི་རྩ་འཛུགས་འཚོ་བར་སྐུལ་སྤེལ་བཏང་བ་དང་ཆབས་ཅིག ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་ཏང་ཡོན་སྒྲིག་འཛུགས་བྱས་ནས་དུས་ཐོག་ཏུ་སློབ་སྦྱོང་བྱས་པ་མ་ཟད། ད་དུང་སློབ་སྦྱོང་གཞི་རྟེན་སྤྱད་དེ་གཅིག་བསྡུས་སློབ་གསོའི་ལས་དོན་སྤེལ་ནས། ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་ཏང་ཡོན“ཕྱོགས་སུ་བསྐྱོད་ཀྱང་མི་ཤོར་པ་དང་ཕ་ཡུལ་ནས་བྲལ་ཡང་ཏང་དང་མི་འབྲལ་བའི”འགན་ལེན་བྱས་པ་རེད།
(དམ་ཆོས་མི་ཕམ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)