འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པའི་ལག་ལེན་རྟེན་གཞི་སྟེ་བོད་ལྗོངས་ཁྲེང་ཧྥ་ལེན་ཧྭ་ཀྲི་པའོ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་བསྐྱོད་དེ“སེམས་པ་ཏང་ལ་ཕྱོགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
ཏང་ཡོན་ཚང་མས་ཐོན་སློབ་མཉམ་འདྲེས་ཀྱི་དཔེ་སྟོན་རྟེན་གཞི་དང་། ཀྲུང་ཧྭ་རྫ་ཆས་བཟོ་རྩལ་མཛེས་རྩལ་སྤེལ་རེས་ཁང་། ཀྲུང་ཧྭ་རྫ་ཆས་འགྲེམས་ཁུལ། ཏང་འཛུགས་འགྲེམས་སྟོན་ཁུལ་སོགས་སུ་རྟོག་ཞིབ་སློབ་སྦྱོང་བྱས་པས་ཚང་མར་སེམས་འགུལ་ཚད་མེད་ཐེབས་ཤིང་། ཚང་མས་སླད་ཕྱིན་གྱི་ལས་དོན་དང་འཚོ་བའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུཌ་རྒྱུ་གཙོ་རྐང་དུ་བྱས་ནས། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིཌ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུཌ་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། མཐའ་འཁོར་གྱི་མིར་ཏང་གི་སྲིད་ཇུས་བཟང་པོ་དང་ལྷ་སར་ཐོབ་པའི་གྲུབ་འབྲས་ཆེན་པོ་དྲིལ་བསྒྲགས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པ་བཅས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།