འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུས་བརྗོད་དོན་གཙོ་བོའི་སློབ་གསོ་སྟེ། “གཞི་རིམ་དུ་སྐྱོད་པ་བཞི”ཡི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་གཞི་རིམ་དུ་གཤམ་སྐྱོད་དང་། གྱོད་གཞི་ཞུ་ཉན། གཙོ་གནད་སྐོང་འདྲི་བཅས་ཀྱི་ལས་དོན་སྤེལ་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། བྱ་བ་དངོས་སྒྲུབ་པ། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཏན་ཏིག་བྱས་ཡོད།
གཞི་རིམ་དུ་གཤམ་སྐྱོད་ལ་སྐུལ་འདེད་བཏང་ཞིང་། བརྟག་ཞིབ་དང་ཟུང་འབྲེལ་བྱས་ནས་གཤམ་སྐྱོད་དང་། ཞུ་འབུལ་ཉན་འཇོག་མཉམ་དུ་སྤེལ་ཡོད། 2023ལོའི་ཟླ་10པ་ནས་བཟུང་ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྔ་རྗེས་སུ་ས་བབ་མཐོ་ལ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་དཀའ་ཚེགས་ཆེ་ཞིང་ཆ་རྐྱེན་ཞན་པའི་མེ་ཏོག་རྫོང་དགའ་ལྡན་ཤང་དང་། སྨན་གླིང་གྲོང་ཁྱེར་ཨོ་རོང་གྲོང་རྡལ་ཨ་ལ་ཐང་གྲོང་ཚོ་སོགས་སུ་བརྟག་ཞིབ་ཐེངས་4བྱས་པ་དང་། པུའི་ལས་དོན་ཨུ་ལྷན་ཚན་ཁག་གི་ཁོངས་མིས་དུས་ཐོག་ཏུ་གཞི་རིམ་དུ་བསྐྱོད་ནས་རྩ་འཛུཌ་དང་ལས་བྱེད་པ་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཤེས་རྟོགས་དང་། གཞི་རིམ་གྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པར་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཁག་3འབྱོར་པ་དང་གཞི་རིམ་གྱི་གནད་དོན་ཁག་12ཤེས་རྟོགས་ཐུབ་ཡོད། ཤེས་རྟོཌ་ཐུབ་པའི་གནད་དོན་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ནས། རང་སར་གནད་དོན་གསུམ་འཕྲལ་མར་ཐག་གཅོད་དང་། ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་ཀྱི་ཇུས་གཞི་12བཏོན་ནས་གནད་དོན་འབྱུང་རྩ་ནས་བསལ་ཏེ་གཞི་རིམ་དུ་ཐག་གཅོད་ཡོང་བར་བྱས་ཡོད།
གྱོད་གཞི་ཞུ་ཉན་གྱི་ལས་སྒོ་སྤེལ་ཞིང་། ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུས་དམག་དཔུང་གི་ལས་སྒྱུར་བཀོད་སྒྲིག་དང་ལས་བྱེད་པའི་ལས་གནས་སྒྱུར་བ་སོགས་རྩ་འཛུགས་དང་ལས་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་རྩིས་ཁྲ་བཟོས་པ་དང་། ལས་བྱེད་པ་བདམས་ཏེ་ཡིག་འབུལ་ཞུ་བཅར་མང་ཚོགས་ཀྱི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་དང་དམག་ཞབས་ཐིམ་པའི་དམག་མིའི་ཁྱིམ་དུ་རེ་ཞུ་ཉན་པར་མངགས་པ་དང་། ས་གནས་ས་ཐོག་ཏུ་ཐག་གཅོད་ཐུབ་རིགས་ལ་ཐད་ཀར་ལན་འདེབས་པའམ་ཡང་ན་ཐག་གཅོད་ཡོང་བར་བྱས་པ་མ་ཟད། ཡུན་རིང་རྗེས་སྙེག་བྱེད་དགོས་རིགས་ལ་དུས་ཐོག་ཏུ་འགྲེལ་བཤད་བརྒྱབ་ནས་བསམ་ཤེས་ཐུབ་པའི་བརྩོན་ལེན་བྱས་ཏེ་ཐག་གཅོད་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ཞིང་། དེ་དང་ཆབས་ཅིག་གྱོད་གཞིར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་དང་། གྱོད་གཞི་རེ་རེ་བཞིན་རྗེས་སྙེག དུས་བཀག་བཞིན་བཀོད་གཏོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་ནས་གནད་དོན་གཅིག་ཀྱང་མི་ལུས་པ་དང་མངོན་མེད་རྐྱེན་ངན་མི་ཐོན་པའི་འགན་ལེན་བྱས་ཡོད།
གཙོ་གནད་ལ་སྐོང་འདྲི་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཆུས་དང་གྲོང་ཁྱེར་གྱི“ཧྲུའུ་ཅིའི་ཡིག་སྒམ”ནང་གི་ཡི་གེ་དེ་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་པའི་ཚད་བརྒལ་བྱ་གཞིར་བརྩིས་ནས། དྲང་གཞག་གཞུང་དྲང་ཡོང་བ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་དོ་ཁུར་བྱ་ཡུལ་ལ་དུས་ཐོག་ཏུ་ལན་བཏབ་པ་དང་། ལས་བྱེད་པ་ལས་སྒྱུར་དང་། དགོངས་ཞུ། འཁོར་ཞག་སོགས་ཕྱོགས་ལྔའི་ཐད་ཀྱི་ལན་འཇོག་རེ་ཞུ་བསྟུད་མར་ཐག་གཅོད་བྱས་པ་མ་ཟད། ལས་བྱེད་པ་དགོངས་ཞུ་དང་། འཁོར་ཞག ལས་གནས་སྒྱུར་བ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལེགས་སྒྲིག་བྱས་ནས་ཡོངས་བསྒྲཌ་བྱས་ཏེ། ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་ལུགས་གང་ལེགས་མཚོན་པར་བྱས་པ་དང་ལས་བྱེད་པའི་སེམས་ཁྲལ་ཏན་ཏིག་བསལ་བ་རེད།