《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月21日

མངའ་རིས་ས་ཁུལ་གྱིས།

བྱ་ཐབས་སྣ་མང་སྤྱད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་བཏང་བ།

2023ལོ་ཚུན་དུ། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་གཏོང་བཅས་མཐའ་འཁྱོངས་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཚད་བརྒལ་བྱེད་ས་དང་འཇུག་སྒོར་བརྩིས་ཏེ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་གཏོང་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་བར་བྱས་ཡོད།

འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། “ཀྲི་པུའུ་ཡིས་གྲོང་ཚོའི་སྣེ་ཁྲིད་རྒྱུ”གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྲོག་ཤིང་དུ་བརྩིས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་16དང“རྗེས་ལུས་ཐེབས་པའི”གཞི་རིམ་ཏང་རྩ་འཛུགས་172གྲལ་བཤེར་གཏན་འཁེལ་བྱས་ནས་དག་ཐེར་བྱ་ཐབས་720བཟོས་པ་དང་གོ་རིམ་ལྟར་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ཚན་ཁག་གི་ཁོངས་མི་27གསབ་འདེམས་བརྗེ་བཅས་བྱས་ཏེ་དམིགས་ཚད་ལས་འགན་དང་། དུས་བཀག་བླང་བྱ། བྱེད་ཐབས་གོ་རིམ། ལས་ཀའི་བྱ་ཐབས་བཅས“ཁ་གསལ་བཞི”བཟོས་ཡོད། འགན་འཁྲི་གཙང་ལེན་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས་དག་ཐེར་འགན་འཁུར་བ་61གཏན་འཁེལ་ཁ་གསལ་བྱས་པ་དང་། ས་ཁུལ་རིམ་པའི་འགོ་ཁྲིད་12ཀྱིས་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་རྒྱུ་གཏན་འཁེལ་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བསམ་ཕྱོགས་གསལ་བཟོ་དང་བྱ་ཐབས་གཏན་འཁེལ་བྱེད་རོཌ་བྱས་ནས། བཅོས་སྒྲིག་རིམ་སྤོར་ལས་དོན་སྤུས་འབོར་གཉིས་ལྡན་ངང་དུས་ཐོག་ཏུ་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཡོད།

དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ནུས་ཆེ་རུ་བཏང་ཞིང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་བྱེད་ཐབས་སུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་གྱི“ཐོབ་ཐང་གསལ་སྟོན་དང་། མིག་དཔེ་སྟོན་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། ཏང་ཡོན་རང་འགུལ་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་གསོ་སྦྱོང་དང་། ས་ཁུལ་གྱི་གཙོ་གནད་གསོ་སྦྱོང་། རྫོང་རིམ་པའི་ཡོངས་ཁྱབ་གསོ་སྦྱོང་། ཤང་དང་གྲོང་རྡལ་གྱི་ཐ་སྐྱོང་གསོ་སྦྱོང་བཅས་བརྒྱུད་འཆར་གཞི་ཡོད་པ་དང་རིམ་པ་མང་པོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ། ཏང་དོན་ཤེས་བྱ། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཆེད་དོན་གསོ་སྦྱོང་ཐེངས་28སྒྲིག་འཛུགས་བྱས་ནས་སྤེལ་ཏེ། དད་སེམས་བརྟན་པ་དང་། བྱང་ཚད་མཐོ་བ། སྒྲིག་ཁྲིམས་ནན་པ། ནུས་པ་མངོན་གསལ་དོད་པ་བཅས་ཀྱི་དུས་རབས་གསར་པའི་ཏང་ཡོན་གདོང་ལེན་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད།

གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ཞིང་། “ཤང་དང་གྲོང་རྡལ་གྱི་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ། དྲ་མིག་ཏང་རྩ་འཛུགས། ཐོག་ཁང་དང་སྒོ་རའི་ཏང་ཀྲི་པུའུ(ཏང་ཚོགས་ཆུང) ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་རིམ་ལྔའི་རྩ་འཛུགས་འབྲེལ་ཐག་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། ཤང་དང་གྲོང་རྡལ་ཏང་ཨུད་ཀྱིས་སྤྱི་འདོམས་དང་། སྡེ་ཁུལ་ཏང་ཨུད་ཀྱིས་དོ་དམ། དྲ་མིག་ཏང་རྩ་འཛུགས་ཀྱིས་དོན་འཁྱོལ། ཐོག་ཁང་དང་སྒོ་རའི་ཏང་ཀྲི་པུས(ཏང་ཚོགས་ཆུང)ཐ་སྐྱོང་། ཏང་ཡོན་ལྟེ་བའི་དུད་ཚང་གིས་གཞོགས་འདེགས་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་བཙུགས་ཏེ་ཕྱོགས་ཡོངས་ནས་རྩ་འཛུགས་ཁྱབ་རྒྱ་ཆེ་རུ་བཏང་ཡོད། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་། ཏང་ཡོན་མང་ཚོགས། ཕྱོགས་མི་སོགས“དྲ་མིག་ལ་ཞུགས་རྒྱུར”སྐུལ་འདེད་ཧུར་ཐག་བཏང་བ། དྲ་མིག་223ལ་ཏང་རྩ་འཛུགས་479དང་ཏང་ཚོགས་ཆུང་709བཙུགས་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་ཡོད།

དམངས་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་ནས་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་ཞིང་། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེཌ་ཞུ་བ་དང་། ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པ། དམངས་ཀྱི་གནས་ཚུལ་གླེང་བའི་བཞུགས་མོལ་ཚོགས་འདུ་འཚོག་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཤིང་། རིམ་རྩིས་བྱས་ན་མང་ཚོགས་ཀྱི་དཀའ་གནད་ཁག་928ཐག་གཅོད་བྱས་ཡོད། “གཅིག་རེ་དྲུག”གི་མི་728གྲོང་ཚོར(གྲོང་ལྷན)གནད་སྨིན་འདེམས་མངགས་བྱས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་རོགས་དང་ཕྱུག་འགྱུར་གྱི་ལམ་བུ་ཡང་དག་འཚོལ་རོགས་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱས་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)