2024ལོའི་ཟླ་2ཚེས་18ཉིན་ནི་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་ཚར་རྗེས་ཀྱི་ལས་ཀའི་ཉིན་དང་པོ་ཡིན་པ་དང་། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་མང་པོའི་ཐོན་སྐྱེད་འཁོར་ཁང་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས། བཟོ་པ་ཚོས་ངར་ཤུགས་གཅིག་སྒྲིལ་གྱིས་ཕྱི་རྒྱལ་གྱི་མངགས་ཐོ་བཟོས་ཏེ་དཔྱིད་གསར་དུས་ཆེན་གྱི་འགོ་འཛུགས་བཀྲ་ཤིས་ཡོང་བར་བྱས་ཡོད། འདི་ནི་ཉིན་དེར་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་སུ་གནས་པའི་ཆིང་ཏའོ་ཅི་ཧྥ་ཧྲེང་པའོ་འཁལ་འཐག་ཚད་ཡོད་ཀུང་སིར་བཟོ་པས་ཕྱི་རྒྱལ་གྱི་ཁྲོམ་རར་ཕྱིར་གཏོང་བྱ་རྒྱུའི་རྩེར་སོན་ཚི་སྣའི་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་པ།