ཟླ་2ཚེས་18ཉིན། ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་ཧའེ་ལར་ཆུས་ནང་སོག་འཁྱགས་སྟེང་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་རྒྱུག་ཐུང་མྱུར་ཤུད་ཁང་དུ་སྤེལ་བའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐུང་རྒྱུག་མྱུར་ཤུད(ཡོངས་བསྒྲགས་རུ་ཁག)ཀྱི་སྐྱེས་པའི་སྨི་1000གི་མཐའ་བསྡུར་ནང་ཅི་ལིན་རུ་ཁག་གི་བདམས་ཐོན་པ་སུན་ལུང་གིས་སྐར་མ་1དང་སྐར་ཆ་26 གྲངས་ཆུང་394ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། ཧྲན་ཏུང་རུ་ཁག་གི་བདམས་ཐོན་པ་ལི་ཝུན་ལུང་དང་ཐེན་ཅིན་རུ་ཁག་གི་བདམས་ཐོན་པ་ལིའུ་ཧྲའོ་ཨང་ལ་ཨང་གཉིས་པ་དང་ཨང་གསུམ་པ་སོ་སོར་ཐོབ་ཡོད་པ་རེད། འདི་ནི་ཟླ་2ཚེས་18ཉིན། ཅི་ལིན་རུ་ཁག་གི་བདམས་ཐོན་པ་སུན་ལུང(གཡས་ཀྱི་དང་པོ)འགྲན་བསྡུར་བྱེད་བཞིན་པ།