《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月20日

དུས་ཆེན་ཚར་རྗེས་ལས་གནས་ཐོག་ལོག་མཁན་དང་ ལས་ཞུགས་པར་ཞབས་ཞུ་ཧུར་ཐག་བསྒྲུབས་པ།

འདི་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཁྲུན་ཨན་རྫོང་ཆན་ཏའོ་ཧུའུ་ཐང་ཆེན་དུ“ལས་ཞུགས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པ་དང་ཁེ་ལས་ལ་འགོ་ཚུགས་བཀྲ་ཤིས་ཡོང་བར་རམ་འདེགས་བྱེད”ཅེས་པའི་ཤེས་ལྡན་པའི་སྤེལ་རེས་འདུ་ཚོགས་ཆེ་གྲས་ཐོག་གི་རྣམ་པ་ཡིན་པ།

འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་གི་རླངས་འཁོར་ས་ཚིགས་སུ་ལས་མིས་བང་སྒྲིག་ནས་དམིགས་འབྱོར་ཐད་གཏོང་རླངས་འཁོར་དུ་རིན་མེད་ངང་སྡོད་བཞིན་པ།

ལས་མིར་རླངས་འཁོར་གླས་པ་དང་། ལས་གནས་མཁོ་འདོན་བྱེད་པ། ཐད་གཏོང་ནས་ལས་མི་བསྡུ་བ་སོགས་ས་གནས་ཁག་གིས་མི་སེམས་དྲོ་བའི་བྱ་ཐབས་སྣ་ཚོགས་སྤྱད་དེ་དུས་ཆེན་ཚར་རྗེས་ལས་གནས་ཐོག་ལོག་མཁན་དང་ལས་ཞུགས་པར་ཞབས་ཞུ་ཧུར་ཐག་བསྒྲུབས་ཡོད།