འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་16ཉིན་གནས་ཚུལ་འབྱོར་གསལ།2023ལོ་ནས་བཟུང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་གྲོན་སྲིད་ཇུས་ཀྱི་ཟུར་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ། ཁྲལ་གྲོན་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ས་གནས་དེ་གའི་ཁེ་ལས་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་དོན་ཏེ་རྒྱ་སྟོབས་ཆེ་རུ་གཏོང་བར་རམ་འདེགས་བྱས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ“ཕྱིར་སྐྱོད་མཁན”ཁེ་ལས་12དང་མངའ་ཁོངས་ཕྱི་རོལ་དུ་ཐད་ཀར་མ་དངུལ་བཏང་བའི་ས་གནས་དེ་གའི་ཁེ་ལས་14ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“ཕྱིར་སྐྱོད་མཁན”ཁེ་ལས་ཀྱིས་ཁྲལ་དོན་གཉེར་བའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་བསྡུ་རུབ་བྱས་པ་དང་། ཡོངས་བསྒྲགས་བསླབ་གཞི་བཟོ་བ་དང་དཔེ་མཚོན་གྱོད་དཔེར་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པའི་ཐོག་ནས་གསལ་འགྲེལ་བྱས་ཡོད། དེ་དང་དུས་མཚུངས་ཁྲལ་འབབ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་དང་ཁྲལ་གཉེར་ཟུར་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྲལ་དོན་ལས་དོན་པའི་ཁྲལ་དོན་ལས་གཉེར་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།