《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月19日

2023ལོར་རང་ལྗོངས་ཀྱི་འབྲུ་འདེབས་ཞིང་པར་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་1.7བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཁོངས་གཏོགས་ཀྱིས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་བདེ་འཇགས་ཀྱི་ལྟེ་བའི་འགན་ནུས་ལ་གཞི་ཚུགས་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་ནུས་པ་དང་དངོས་ཟོག་གྲབས་གསོག་གི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཕན་འབྲས་བཟང་པོ་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རང་ལྗོངས་ཀྱིས་འབྲུ་རིགས་ཏུན་ཁྲི་3.65ཉོས་པ་དེ་ལོ་གོང་མ་ལས་17%འཕར་བ་དང་། འབྲུ་འདེབས་ཞིང་པར་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་1.7བྱུང་བ། “བོད་ཀྱི་ཤུན་ལྡན་འབྲས་འདེབས་འཛུགས་དང་གྲབས་གསོག་འགན་ལེན་མཁོ་འདོན་རྟེན་གཞི”ཁག་དང་པོའི་འབྲས་སོས་པ་ཏུན་1000ལྷག་ཙམ་བོད་ཀྱི་ཁྲོམ་རར་བཏོན་པ། “ལོ་ལྔ་ཚན་བཅུ་བཞི་པའི”འབྲུ་རིགས་གྲབས་གསོག་ལས་རིགས་རྣམ་གྲངས་ལ་མ་དངུལ་དོན་འཁྱོལ་བྱེད་ཚད་83%ཟིན་པ་དང་2023ལོར་རྣམ་གྲངས་ལ་མ་དངུལ་གཏོང་ཚད་95%ཟིན་ཡོད།