འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་17ཉིན་གནས་ཚུལ་འབྱོར་གསལ། གྱི་ལིང་རྟ་ཕོའི་སྙིང་སྟོབས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས། རྟ་ཕོ་ལྕགས་ཀྱིས་སྐུལ་ནས་དཔྱིད་གསར་ལ་རྟེན་འབྲེལ་ཞུ། ཟླ་2ཚེས་16ཉིན་དང་ཚེས་17ཉིན་ཞང་ཞུང་མེ་ཏོག་གི་རྟ་རྒྱུག་འགྲན་བསྡུར་ཆེན་པོ་སྐབས་དང་པོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་རྟ་རྒྱུག་སྒྱུ་རྩལ་ལྟེ་གནས་སུ་གཉེར་ཡོད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་རྟ་པ་ཚོས་འགྲན་རར་རྟ་ཕོའི་བང་རྩལ་འགྲན་ནས་ལྟད་མོ་བ་ཚོར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རྟ་རྒྱུག་འགྲན་བསྡུར་ཆེན་པོ་གཉེར་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་པ་མ་ཟད། ད་དུང་མི་རིགས་ཁག་གི་རིག་གནས་སྤེལ་རེས་ལ་ལས་སྟེགས་བཟང་པོ་ཞིག་བསྐྲུན་ཡོད”ཅེས་ཞང་ཞུང་མེ་ཏོག་གི་རྟ་རྒྱུག་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་འགན་འཁུར་བ་ནོར་བུས་བཤད།