《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月19日

2023ལོར་རང་ལྗོངས་ཀྱི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་69.54འཕར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ“སྲིད་ཇུས་གཟིགས་སྐྱོང”གི་བྱེད་ཐབས་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་མ་ཟད། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བར་བརྟེན་ལྗོངས་ཡོངས་ཀྱི་ཁྲལ་རིན་གཉིས་གཅོག་དང་དེ་བཞིན་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་69.54འཕར་ཡོད་པ་རེད།