《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月19日

རང་ལྗོངས་ཀྱི་རང་བྱུང་ཐོན་ཁུངས་དེང་རབས་ཅན་གྱི་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་10ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཉེ་ཆར་འཚོགས་པའི་2024ལོའི་ལྗོངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2023ལོར་ལྗོངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ས་ཆའི་ཐོན་ཁུངས་ཀྱི་གཙོ་རྒྱུ་བཀོད་སྒྲིག་དང་། གཏེར་ཁའི་ཐོན་ཁུངས་སྲུང་སྐྱོང་གསར་སྤེལ། རྨོ་ཞིང་སྲུང་སྐྱོང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་བཟོ་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སོགས་ལ་དམིགས་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས། རང་བྱུང་ཐོན་ཁུངས་དེང་རབས་ཅན་གྱི་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

ཤེས་རྟོཌ་བྱུང་བར་གཞིཌ་ན། 2023ལོར་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་སྤྱོད་དང་ས་འདེམས་ཀྱི་བསམ་འཆར་ཡི་གེ་78ལ་ཐོག་མའི་གྲོས་ཞིབ་བྱས་ནས་ས་ཆ་རྒྱ་ཁྱོན་མུའུ་ཁྲི་24.25དཔྱད་སྤྲོད་བྱས་པ་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ས་ཆ་བེད་སྤྱོད་འཆར་འགོད་དམིགས་ཚད་མུའུ་ཁྲི་10.14བཀོད་སྒྲིག་བྱས་པས། ས་ཆར་ཞིབ་མཆན་འགོད་པའི་ཕན་ནུས་ཆེ་རུ་དང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་པའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། གཏེར་ལས་དབང་ཆ་ཆེད་དོན་གཙང་བཤེར་བཅོས་སྒྲིག་བྱས་ནས་གཏེར་ལས་དབང་ཆ་ཁག་217རིན་མེད་བསྡུ་ལེན་བྱས་ཡོད། རྨོ་ཞིང་སྲུང་སྐྱོང་གི་དམིགས་ཚད་མུའུ་ཁྲི་632.04གཏན་འཁེལ་བྱས་པ་དང་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་མུའུ་ཁྲི་487.34གཏན་འཁེལ་བྱས་པ་མ་ཟད། གནས་ངེས་གཏན་ཡོད་པའི་སྒོ་ནས་ས་ཞིང་དུ་དོན་འཁྱོལ་བྱས་པ་དང་། རིམ་པ་བཞིན་རྨོ་ཞིང་ལ་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེ་བཞག་སྟེ་རྨོ་ཞིང་སྲུང་སྐྱོང་ཐད་ཏང་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་ཐིག་གསུམ”དབྱེ་མཚམས་ཕྱེ་བའི་གྲུབ་འབྲས་དོན་འཁྱོལ་བྱས་ནས་དུས་ཐོག་ཏུ་འཆར་འགོད་སྒྲིག་བཟོ་དང་། བར་མཐོངས་ལ་དོ་དམ་ཚོད་འཛིན། ས་ཆར་ཆོག་མཆན་ཞུ་བ་སོགས་ཀྱི་ཁྱབ་ཁོངས་སུ་སྤྱད་ཡོད། གཙོ་གནད་གྲོང་སྡེའི“སྲོལ་མང་གཅིག་སྒྲིལ”གྱི་དངོས་སྤྱོད་རང་བཞིན་གྱི་འཆར་འགོད་210གསར་དུ་བཟོས་པ། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི“དཔེ་རིས་གཅིག”ལག་བསྟར་ལྟ་སྐུལ་གྱི་ལས་སྟེགས་བསྐྲུན་ནས་གྲངས་གཞིའི་མཛོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་ཡོད། གནམ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་ཐོ་འགོད་ཟིན་ནས་རང་ལྗོངས་ཀྱི་རང་བྱུང་སྐྱེ་ཁམས་བར་མཐོངས་གཙོ་གནད་ཁུལ་གྱི་བདག་དབང་གཏན་འཁེལ་ཐོ་འགོད་བྱེད་ཐེངས་ཐོག་མ་དེ་མངོན་འགྱུར་བྱུང་ཡོད། འབྲུབ་ཆུ་རྒྱས་སྐབས་ས་གཤིས་གནོད་འཚེ་ཐེངས་ཁྲི་2.06ལ་སྐོར་ཞིབ་གྲལ་བཤེར་བྱས་པ་དང་། ཉེན་ཟོན་སྔོན་བརྡ་ཐེངས་310བཏང་བ། ཉེན་ཁའི་གནས་ཚུལ་དང་མི་མངོན་པའི་རྐྱེན་ངན་296འཕྲལ་སྡོམ་ཐག་གཅོད་བྱས་ཡོད། གྲོང་ཁྱེར(ས་གནས)རིམ་པར་གཏན་འཇགས་རྒྱུ་ནོར་ཐོ་འགོད་དྲ་ཕྱིའི“སྐར་ཁུང་གཅིག་ནས་བདག་སྤྲོད་ཀྱིས་སྡེབ་སྒྲུབ”མངོན་འགྱུར་བྱུང་ཡོད། གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི“ཞིང་གྲོལ་ཀུན་སྒྲུབ”ཆ་འཕྲིན་ལས་སྟེགས་བསྐྲུན་ནས། གཏའ་འཇོག་ཐོ་འགོད་དྲ་ཐོག་ནས་མཉམ་འབྲེལ་གཉེར་སྒྲུབ་མངོན་འགྱུར་བྱུང་ཡོད།

(དམ་ཆོས་མི་ཕམ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)