《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月18日

༄ ༅དགའ་སྐྱིད་ལོ་གསར་།

སྨྱུག་སོན་ནོར་སངས།

བཀྲ་ཤིས་གནམ་ལོ་གསར་པའི་དགའ་སྟོན་ཚེས།།

བཀྲ་ཤིས་འདོད་རྒུ་ལོངས་སྤྱོད་འཛོམས་པས་སྐྱིད།།

བཀྲ་ཤིས་མི་རྣམས་ལྷན་འཛོམས་དགའ་བདེར་རོལ།།

བཀྲ་ཤིས་དུས་རབས་གསར་པའི་ལོ་གསར་རྨད།།

བཀྲ་ཤིས་ཁང་བཟང་དར་ཚོན་ཤམ་བུས་བརྒྱན།།

བཀྲ་ཤིས་ལུང་པའི་དཔལ་ཡོན་ཟླ་ལྟར་རྒྱས།།

བཀྲ་ཤིས་ཡུལ་གྱི་བཀོད་པ་ལྟ་ན་སྡུག །

བཀྲ་ཤིས་དུས་རབས་གསར་པའི་ལོ་གསར་རྨད།།

དཀའ་སྤྱད་འབྲས་བུའི་མྱོང་བ་སེམས་ལ་སྨིན།།

གཏམ་བཟང་འབྲུག་སྒྲ་ཡུལ་ལུང་ཀུན་ལ་ཁྱབ།།

འཕེལ་རྒྱས་མྱུར་བ་ནམ་མཁའི་གློག་ལ་འགྲན།།

བཀྲ་ཤིས་དུས་རབས་གསར་པའི་ལོ་གསར་རྨད།།

དམངས་ཕྱུག་སྲིད་ཇུས་བཟང་བས་མི་རྣམས་སྐྱིད།།

དཔལ་འབྱོར་ཡོང་འབབ་ལམ་བུ་རྒྱ་ཆེར་བཤངས།།

དམངས་ཀྱི་འཚོ་བའི་མཐུན་རྐྱེན་གང་དགོས་འཛོམས།།

བཀྲ་ཤིས་དུས་རབས་གསར་པའི་ལོ་གསར་རྨད།།

བཀྲ་ཤིས་ཁང་བཟང་བཞུགས་གྲལ་འོད་ཀྱིས་ཁེངས།།

བཀྲ་ཤིས་མི་རྣམས་དགའ་བདེའི་དཔལ་ལ་འཁོད།།

བཀྲ་ཤིས་གྲོ་སོ་ཕྱེ་མར་རི་ལས་མཐོ།།

བཀྲ་ཤིས་དུས་རབས་གསར་པའི་ལོ་གསར་རྨད།།

བཀྲ་ཤིས་གླུ་ཡི་སྒོ་མོ་ཕྱེ་སེ་ཕྱེ།།

བཀྲ་ཤིས་བྲོ་ཡི་མཆོད་པ་འབུལ་སེ་འབུལ།།

བཀྲ་ཤིས་ཆང་ཕུད་མཐོན་པོར་འགྱོག་སེ་འགྱོག །

བཀྲ་ཤིས་དུས་རབས་གསར་པའི་ལོ་གསར་རྨད།།

བཀྲ་ཤིས་ལོ་ལ་ནམ་ཡང་ཕུན་ཚོགས་ཤོག །

རྒན་རྒོན་ཚེ་ཐག་རིང་བའི་སྨོན་འདུན་ཡོད།།

ལུས་སེམས་བདེ་ལ་འཁོད་པའི་སྨོན་འདུན་ཡོད།།

དུས་རབས་གསར་པའི་བདེ་སྐྱིད་ཚོར་བར་ཤོག །

བཀྲ་ཤིས་ལོ་ལ་ནམ་ཡང་བདེ་ལེགས་ཤོག །

བྱིས་པ་བློ་རིག་བཀྲ་བའི་སྨོན་འདུན་ཡོད།།

ཤེས་རིག་ཡོན་ཏན་འཕེལ་བའི་སྨོན་འདུན་ཡོད།།

དུས་རབས་གསར་པའི་ཤེས་དཔལ་རྒྱས་པར་ཤོག །