《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月17日

དགའ་དགའ་སྤྲོ་སྤྲོའི་ངང་ནས་དཔྱིད་གསར་དུས་ཆེན་གཏོང་བ།

← 2024ལོའི་རྒྱལ་ཡོངས་ཀྱི“གྲོང་ཚོའི་དཔྱིད་གསར་མཚན་ཚོཌ”དཔེ་སྟོན་འགྲེམས་སྟོན་བྱེད་སྒོ་དང་ཀུའེ་ཀྲོའུ་ཡི“གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་དང་གྲོང་ཚོའི་དཔྱིད་གསར་མཚན་ཚོཌ”ཀུའེ་ཀྲོའུ་ཞིང་ཆེན་ཤར་ལྷོའི་མེའོ་རིཌ་ཏུང་རིཌ་རང་སྐྱོང་ཀྲོའུ་རུང་ཅང་རྫོང་དུ་གཉེར་འགོ་ཚུཌ་ཤིང་། འདི་ནི“གྲོང་ཚོའི་དཔྱིད་གསར་མཚན་ཚོཌ”ཐོག་ཤོག་སྦག་ཚོན་ཁྲ་ཅན་སྤོར་བཞིན་པ།

↓ འདི་ནི་ཡུལ་སྐོར་བས་ཧྲན་ཏུང་ཞིང་ཆེན་ལིང་དབྱི་གྲོང་ཁྱེར་ཕིང་དབྱི་རྫོང་མོང་ཧྲན་ཀུའེ་མོང་མཛེས་ལྗོངས་ཁུལ་གྱི་དཔྱིད་གསར་གྱི་ཚོགས་མཆོད་ཐོག་འབྲུག་རྩེད་རྩེ་བཞིན་པ།

↑ རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་དུ་སྤེལ་ཞིང་། འདི་ནི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མ་འཚོག་གོང་གི་དཔལ་འབར་བརྒྱུད་སྤྲོད་བྱེད་ཐེངས་མཐའ་མ་དེ་ཡིན་པ།

↑ འདི་ནི་ཡུལ་སྐོར་བས་ཧོ་ནན་ཧྲང་ཆིའུ་གནའ་གྲོང་གི་ལོ་གསར་མཁོ་ཆས་ཚོང་འདུས་ནས་འབྲུག་གཟུགས་ཞྭ་མོ་ཉོ་བཞིན་པ།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རང་ལྗོངས་ཀྱི་ངལ་རྩོལ་པ་མང་པོ་ཞིག་གིས་སྔར་བཞིན་ལས་གནས་བརྟན་སྲུང་དང་ལས་ཀར་ཧུར་ཐག་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་དང་ཤར་བགྲོད་ལ་འགན་ལེན་བྱེད་བཞིན་ཡོད།

↑ འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་མེ་འཁོར་ལ་ཞིབ་བཤེར་ནན་ཏན་བྱེད་བཞིན་པ།

↓ འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཚལ་འདེབས་ཞིང་པས་སྔོ་ཚལ་སོས་པ་རླངས་འཁོར་ནང་བླུགས་ནས་དུས་ཆེན་རིང་གི་སྔོ་ཚལ་མཁོ་སྤྲོད་ལ་འགན་ལེན་བྱེད་བཞིན་པ།

ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་བའི་སྲོལ་རྒྱུན་རྒྱུན་འཁྱོངས་ཕུད་ཀྲུང་གོ་བ་སྔར་ལས་མང་བས་ཡུལ་སྐོར་དུ་བསྐྱོད་དེ་དགའ་དགའ་སྤྲོ་སྤྲོའི་ངང་ནས་དཔྱིད་གསར་དུས་ཆེན་བཏང་ནས་ཡུལ་གཞན་གྱི་མཛེས་ལྗོངས་ལ་ལྟ་བ་དང་ཞིམ་ཟས་ལ་རོལ་ནས་རིག་གནས་མི་འདྲ་བ་ཉམས་སུ་མྱངས་ཏེ་ལོ་གསར་གྱི་མྱོང་བ་གསར་པ་ཚོར་བར་བྱེད་ཀྱི་ཡོད།

↑ འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ལེ་ཧྲན་རྫོང་ཞི་ཅང་གྲོང་རྡལ་དུད་ཁྱིམ་སྟོང་གི་མེའོ་རིགས་གྲོང་སྡེར་ཡུལ་སྐོར་བས“མེའོ་རིགས་ཀྱི་ཨ་ནེ་ཁྱིམ་དུ་ལོག་པའི”སྐོར་སྐྱོད་རུ་ཁག་ལ་ལྟ་བཞིན་པ།

→ འདི་ནི་ཡུལ་སྐོར་བས་ཤིང་གྲུར་བསྡད་དེ་ཅང་སུའུ་སུའུ་ཀྲོའུ་ཕིང་ཅང་ལམ་གྱི་ཆུ་ལམ་སྐོར་བཞིན་པ།

↓ འདི་ནི་ཡུལ་སྐོར་བ་མང་པོ་ཧྲན་ཏུང་ཞིང་ཆེན་པིང་ཀྲོའུ་གྲོང་ཁྱེར་ཧུད་མིང་རྫོང་གི་སུན་ཝུའུ་མཚན་ཁྲོམ་སྐོར་བཞིན་པ།