《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月17日

རྫ་ཡུལ་རྫོང་གིས་བཟའ་བཏུང་དང་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་ཁྲོམ་གཞུང་བཏོད་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། རྫ་ཡུལ་རྫོང་གི་བཟའ་བཏུང་ལས་རིགས་ཀྱི་མིང་བྱང་གཏོད་པ་དང་གཉེར་སྐྱོང་བར་ཁྲིམས་སྲུང་དང་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱ་ཆེད། རྫ་ཡུལ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འགན་འཁྲི་དང་འགན་ནུས་ལ་གཞི་ཚུཌ་པ་དང་འཛུགས་གཏོད་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་འཛུཌ་གཏོད་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་གཏོང་བ། གནས་ཀྱིས་ཁྱོན་ཁྲིད་པ། ཁྱོན་གྱིས་ཕྱོགས་ཡོངས་ཁྲིད་པ་བཅས་བྱས་ཏེ་ཁོངས་གཏོཌ་ཁུལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་སྔར་བས་ལེགས་སུ་བཏང་ནས་བཟའ་བཏུང་དང་བཟའ་བཅའི་བདེ་འཇཌ་ཀྱི་དཔེ་སྟོན་ཁྲོམ་གཞུང་བཏོད་པ་རེད།

བཟའ་བཏུང་དང་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་ཁྲོམ་གཞུང་གི་དཔེ་སྟོན་ཁྲིད་སྟོན་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ནས་བཟའ་བཏུང་ཞབས་ཞུའི་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་དང་བཟའ་བཅའི་བདེ་འཇགས་ཀྱི་སྤུས་ཚད་འགན་ལེན་ཆུ་ཚད་མཐོ་རུ་བཏང་བས“སྡེ་ཚན་གྱིས་ལྟ་འདོམས་དང་། ཁེ་ལས་ཀྱིས་རང་གཅུན། སྤྱི་ཚོགས་ཀྱིས་ལྟ་སྐུལ”བཅས་ཀྱི་ལྟ་འདོམས་མ་ལག་འཛུགས་པར་ཕན་ཐོགས་ཡོད་པ་དང་རྫ་ཡུལ་རྫོང་གི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་མ་ཐེབས་རྒྱུ་རེད།