《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月17日

ལྷ་ས་གྲོང་ཁྱེར་གྱི་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱིས།

“ཞུ་འབྱོར་འཕྲལ་སྒྲུབ”ཀྱི་སྒྱུར་བཅོས་ལམ་སྲོལ་གསར་པར་སྐུལ་འདེད་བཏང་བ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་འབྲེལ་ཁ་པར་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་དང་ཁེ་ལས་དབར་དང་སྲིད་གཞུང་དང་མང་ཚོགས་དབར་གྱི་འབྲེལ་ལམ་སྔར་བས་སྟབས་བདེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད། ལྷ་ས་གྲོང་ཁྱེར་གྱི་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་འབྲེལ་ཁ་པར་ལྟེ་གནས་སུ་སྐྱོད་སྐབས། གཞུང་དོན་ཁང་ནས་ཁ་པར་འབྱོར་བའི་ཐིར་སྒྲ་དང་། ལན་འདེབས་པའི་སྒྲ། གློག་ཀླད་ཀྱི་མཐེབ་གཞོང་གི་སྒྲ་བཅས་བར་མཚམས་མི་ཆད་པར་བསྒྲགས་ཤིང་། མི་རེ་ལ་ཁ་པར་རེ་ནི་གྲོང་མི་མང་ཚོགས་ཀྱི་བདེ་སྡུག་སེལ་བའི་དམངས་འཚོའི་འབྲེལ་ལམ་ཞིག་ཏུ་གྱུར་ལ། སྲིད་གཞུང་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ་པ”ལྟ་བུར་ཡང་གྱུར་ཡོད། འདི་ནི་ལས་དོན་མི་སྣས་ཐད་འབྲེལ་ཁ་པར་བླངས་ནས་མང་ཚོགས་ཀྱི་དོགས་འཆར་སེལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བའི་རིན་ཐང་འདུ་ཤེས་མཐའ་འཁྱོངས་བྱས་ནས་ལྟེ་བ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་དམིགས་པ་དང་། བཅོས་སྐྱོང་ཤུགས་ཆེར་གཏོང་བའི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “མཐའ་འཁྱོངས་དྲུག”མངོན་གསལ་དོད་པོ་ཡོང་བ། 12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི“ཞུ་འབྱོར་འཕྲལ་སྒྲུབ”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དང་། དེ་བཞིན“དོན་དག་ཚང་མ་སྒྲུབ་ཐུབ”APPལས་སྟེཌ་ཐབས་ལམ་གཙོ་བོར་བྱས་ཏེ་མང་ཚོཌ་དང་ཁེ་ལས་ཀྱི་རེ་ཞུ་བདག་སྤྲོད་དང་། མྱུར་དུ་དང་ལེན། དུས་བཅད་སྒྲུབ་གཉེར་བཅས་ཀྱི་ལམ་སྲོལ་གསར་པ་རིམ་བཞིན་ཆཌ་པར་བྱས་ཡོད།

ལམ་སྲོལ་འཛུགས་པ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། 《12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི“ཞུ་འབྱོར་འཕྲལ་སྒྲུབ”སྒྱུར་བཅོས་ལས་དོན་སྔར་བས་གཏིང་ཟབ་སྤེལ་བའི་སྐོར་གྱི་བསམ་འཆར》སོགས་ཀྱི་ལམ་ལུགས་བཟོས་པ་དང་། ཐད་སྦྲེལ་ཁ་པར་དོ་དམ་པ་དང་། ལན་འདེབས་མཁན། སྤུས་ཚད་ཞིབ་བཤེར་པ་སོགས་ཐད་སྦྲེལ་ཁ་པར་ལེན་མཁན་52བཀོད་སྒྲིག་བྱས་པ་དང་། ལས་ཀ་འགོ་མ་ཚུགས་གོང་སྤུས་ཚད་ལ་ཞིབ་བཤེར་དཔྱད་བརྗོད་དང་། ལས་ཀ་ཚར་རྗེས་ཐག་གཅོད་བྱེད་དཀའ་བའི་ལས་ཐོར་གྲོས་བསྡུར། ཁ་པར་ལེན་ཁོམ་མ་བྱུང་ན་ཡང་བསྐྱར་ཁ་པར་རྒྱག་པ་བཅས་ཀྱི་ལམ་སྲོལ་བཙུགས་ནས་ཐད་སྦྲེལ་ཁ་པར་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ལོ་ཚུན། 12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱིས་རེ་ཞུ་ཁག་147448བདག་སྤྲོད་བྱས་པ་ལས་རེ་ཞུ་ཁག་145885བསྒྲུབས་པར་རེ་ཞུ་སྒྲུབ་ཚད་98.9%དང་མང་ཚོགས་བློ་ཡིད་ཚིམ་ཚད་93.4%ཟིན་ཡོད།

ཟླ་སྒྲིལ་དང་ལེགས་སྒྱུར་ཞབས་འདེགས་མཐའ་འཁྱོངས་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ཐད་སྦྲེལ་ཁ་པར་བཙུགས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ《ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ཟླ་སྒྲིལ་དང་ལེགས་སྒྱུར་ལས་དོན་གྱི་ལག་བསྟར་ཇུས་གཞི་དགྲམ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བརྡ་ཐོ》བཟོས་ནས་གྲོང་ཁྱེར་རིག་གནས་ཅུས་ཀྱི་12318སོགས་ཐད་སྦྲེལ་ཁ་པར་ཨང་གྲངས་ཚང་མ་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དང་ཟླ་སྒྲིལ་བཏང་བ་དང་། གྲོང་ཁྱེར་དོ་དམ་ཅུས་ཀྱི་ཐད་སྦྲེལ་ཁ་པར་12319སོགས་ཐད་སྦྲེལ་ཁ་པར་18ལ་ཨང་གྲངས་གཉིས་མཉམ་སྤྱོད་བྱས་པས་སྲིད་དོན་ཐད་སྦྲེལ་ཁ་པར་ཨང་གྲངས་མང་བ་དང་མང་ཚོགས་ཀྱི་ངེས་བདེ་པོ་མེད་པའི་གནད་དོན་སྣ་ཚོགས་ཐག་གཅོད་ནུས་ལྡན་ཐུབ་ནས་མང་ཚོགས་ལ“གཅིག་འཐུས་ཞབས་འདེགས”ཞུས་ཡོད།

བྱེད་ནུས་མང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། མ་ལག་ནས་ལས་སྒྲུབ་ལ་སྐུལ་འདེད་དང་། འཕྲིན་ཐུང་ནས་ཕྱོགས་གཉིས་ལ་དྲན་སྐུལ། “ཕྱོགས་གསུམ་པའི་ཁ་པར་གཏོང་ལེན”སོགས་ཀྱི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྦར་མཐིལ་ཐད་སྦྲེལ་ཁ་པར་གསར་གཏོད་དང་ཁྱབ་གདལ། “དོན་དག་ཚང་མ་སྒྲུབ་ཐུབ”APPདང་སྣེ་མང་གཞི་གཅིག་འདུས་གྲུབ་བཅས་བྱས་ཏེ་རོགས་འབོད་དང་། རེ་ཞུ། ཞབས་འདེགས་བཅས“སྣེ་གཅིག་ཀུན་སྒྲུབ”ཐུབ་པར་བྱས་ཡོད། རེ་ཞུའི“འཕྲལ་འདྲི་འཕྲལ་འདེབས”ལ་དམ་པོར་དམིགས་ཏེ་ཐད་སྦྲེལ་ཁ་པར་གྱི་ཤེས་བྱའི་མཛོད་ཆགས་པར་བྱས་ཡོད། འདི་ལོ་ཚུན་དུ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་དང་ཁ་གསབ་སྤྲོད་པ་སོགས་དམངས་ཕན་ཞིང་ཕན་གྱི་ཁ་གསབ་སྲིད་ཇུས་ཁག་21དང་སྲིད་ཇུས་ལན་འདེབས་900ལྷག་ཙམ་གྱི་ཤེས་བྱའི་མཛོད་བཙུགས་ཡོད།

དམངས་ཀྱི་བསམ་འདུན་ཉན་པ་དང་སེམས་ཁྲལ་སེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཡུལ་སྐོར་ཞབས་འདེགས་དང་། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་། གྲོང་ཁྱེར་དོ་དམ། འགྲིམ་འགྲུལ། གླ་ཆ་ཆད་འགྱངས་སོགས་ཀྱི་གླེང་མང་བའི་རེ་ཞུར་དམིགས་ཏེ“འགོ་ཁྲིད་གཙོ་བོས་དམངས་ཀྱི་བསམ་འདུན་ཉན་པའི”བྱེད་སྒོ་སྤེལ་བ་དང་། འབྲེལ་ཡོད་རྫོང(ཆུས)དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོས་མང་ཚོགས་ཀྱི་ཁ་པར་རེ་ཞུ་140ཉན་པ་དང་རེ་ཞུ་135བསྒྲུབས་ཏེ། “ཞུ་འབྱོར་འཕྲལ་སྒྲུབ”སྒྱུར་བཅོས་ལས་དོན་སྤུས་འབྲས་ལེགས་གཉེར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

ཐབས་ལམ་ཤར་བགྲོད་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཁེ་ལས་དང་མང་ཚོགས་ལ་དེ་བས་དུས་ཐོག་དང་། ཆེད་ལས། ནུས་ཆེ་བཅས་ཀྱི་ཛ་དྲག་རོགས་སྐྱོབ་ཀྱི་ཞབས་འདེགས་ཞུས་པ་དང་། 《ལྷ་ས་གྲོང་ཁྱེར་གྱི་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དང་། 110དང་། 119 120 122བཅས་ཀྱི་ཐད་སྦྲེལ་ཁ་པར་དང་དེ་བཞིན་ཆུ་དང་། གློག སོལ་རླངས་བཅས་སྤྱི་པའི་བྱ་གཞག་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་འཕྲལ་སྡོམ་མཉམ་འགུལ་ལས་ཀའི་ཇུས་གཞི》བཀྲམ་ནས་ཛ་དྲག་རེ་ཞུའི་ཁག་བགོས་ཁྱབ་ཁོངས་དང་སྒྲུབ་སྤྲོད་ཀྱི་སྒྲིག་སྲོལ་ཞིབ་ཕྲ་བཟོས་ཡོད། འདི་ལོ་ཚུན་དུ། ཛ་དྲག་རིགས་ཀྱི་རེ་ཞུ་180ལྷག་ཙམ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ནས་ཛ་དྲག་རེ་ཞུ་མཉམ་སྒྲུབ་ཞབས་ཞུའི་ནུས་ཕྱོད་སྔར་བས་ཆེ་རུ་བཏང་ཡོད། ཁེ་ལས་དང་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་དཀའ་གནད་ལ་དམིགས་ཏེ《སྲིད་དོན་བགྲོ་གླེང》ལེ་ཚན་གཉེར་བ་གོ་སྐབས་སུ་བཟུང་ནས་ལེ་ཚན་ཚོགས་ཆུང་ལ་འགྲོ་ལམ་འགྲིམ་འགྲུལ་དང་། དྲོད་རླངས་དང་གློག་མཁོ་འདོན། སྡེ་ལས་དོ་དམ་སོགས་གནད་དོན་གྱི་ཁུངས་སྣེ་1625མཁོ་འདོན་བྱས་ནས་རིམ་ཁག་འགན་ནུས་སྡེ་ཚན་གྱིས་སེམས་ནུས་ཡོད་རྒུས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བར་སྐུལ་འདེད་བཏང་ཡོད་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)