《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月17日

རྒན་རྒོན་རྣམས་ལ་བརྩེ་སེམས་འཆང་། དཔྱིད་གསར་དུས་ཆེན་སྤྲོ་བས་རོལ།

ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་ཆེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྡེ་ཚོགས་ཨུ་ལྷན་གྱིས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ། བསམ་གྲུབ་རྩེ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བསྐྱོད་ནས“ང་ཚོའི་ལེ་ཚན”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ་རྒན་རྒོན་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཡོད་ལ་དྲོ་སྐྱིད་ཀྱང་མཚོན་པར་བྱས་ཡོད། འདི་ནི་སྤྱི་ཕན་བྱེད་སྒོ་སྤེལ་ཡུལ་ཡིན་པ།