སྲོལ་རྒྱུན་ཚོགས་མཆོད་ཐོག་དམངས་སྲོལ་ལ་མྱོང་རོལ་བྱས་ནས་ལོ་གསར་པར་སྨོན་ལམ་འདེབས་པ་དང་། དཔྱིད་གསར་གྱི་ལྒང་བཞུའི་འདུ་ཚོགས་སུ་འོད་མདངས་འཚེར་བའི་ལྒང་བཞུར་ལྟ་བར་སྐྱོད་པ། འཁྲུག་ཆ་དོད་པའི་འདུ་ཚོགས་དང་འགྲེམས་སྟོན་ནས་ལག་རྟགས་བདམས་ཏེ་དགའ་ཉེ་སྤུན་མཆེད་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད། → འདི་ནི་ཡུལ་སྐོར་བས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཐང་ཁྲེང་མཛེས་ལྗོངས་ཁུལ་དུ་འབྲུག་གཟུགས་ལྒང་བཞུའི་སྐོར་སྐྱོད་འཁྲབ་སྟོན་ལ་ལྟ་བཞིན་པ།
↑འདི་ནི་ཕྲུ་གུ་ཆུང་ཆུང་ཞིག་གིས་པེ་ཅིང་ཆན་མོན་ཁྲོམ་གཞུང་དུ“བྱི་རིལ་མི”བཟོ་སྟངས་སྦྱོང་བཞིན་པ།
↑འདི་ནི་གྲོང་མིས་ཧྲན་ཏུང་ཞིང་ཆེན་ཅི་མོ་གྲོང་ཁྱེར་ཅི་མོ་གནའ་གྲོང་དུ་འབྲུག་རྩེད་ལ་ལྟ་བཞིན་པ།
↑དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་མཛེས་ལྗོངས་ཁུལ་མང་པོར་ཡུལ་སྐོར་བས་ཁེངས་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་ཅིང་། འདི་ནི་ཡུལ་སྐོར་བས་ཨའོ་མོན་ཏ་སན་པཱ་སྤྱི་གླིང་དུ་ལྟ་སྐོར་བྱེད་བཞིན་པ།
← འདི་ནི་ཉིན་ཤས་གོང་ཡུལ་སྐོར་བས་ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་ཡུལ་སྐོར་བྱེད་བཞིན་པ།
← འདི་ནི་ཉིན་ཤས་གོང་ཡུལ་སྐོར་བས་ཧོ་པེ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར་ཤིན་ཝང་ཀྲའེ་གྲོང་རྡལ་གྱི་ཚོགས་མཆོད་སྐོར་བཞིན་པ།
↑འདི་ནི་ཉིན་ཤས་གོང་ཡུལ་སྐོར་བས་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཧྥེང་ཧྭ་ཆུས་ཤིས་ཁོའུ་གྲོང་རྡལ་ཝུའུ་ཧྲན་ལྷ་ཁང་དུ་འཁྲབ་སྟོན་ལ་ལྟ་བཞིན་པ།
↑འདི་ནི་ཉིན་ཤས་གོང་ཡུལ་སྐོར་བས་པེ་ཅིང་རྒྱལ་སའི་ལྕགས་དང་ངར་ལྕགས་སྤྱི་གླིང་དུ་འབྲུག་ལོའི་སྲོལ་རྒྱུན་འདུ་ཚོགས་སུ་ལྟ་སྐོར་བྱེད་བཞིན་པ།
← འདི་ནི་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་གནས་པའི་ཝན་ལུའི་སྤྱི་གླིང་གི་དཔྱིད་གསར་ལོ་ཚོགས་སྐབས་བཅུ་དྲུག་པའི་ཡན་ལག་ཚོགས་ར་སྟེ། ཧའེ་རུའེ་རིག་གནས་སྤྱི་གླིང་གི་དཔྱིད་གསར་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོའི་ཐོག་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།