ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་ཁང་བཞི་པའི་ཏང་ཀྲི་པུས་ལྟ་སྐུལ་ཞིབ་བཤེར་ཁང་ལྔ་པའི་ཏང་ཀྲི་པུའུ་དང་མཉམ་དུ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ། ཐེན་ཀོན་སན་གྱི་དྲན་གསོ་ཁང་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བར་བསྐྱོད་དེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཤིང་། འདི་ནི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་མཁན་ཏང་ཡོན་གྱིས་ཐེན་ཀོན་སན་གྱི་སྒྲིག་གཤོམ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།