གྲོང་སྡོད་བདེ་འཇགས་དོ་དམ་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རླངས་འཁོར་སྤྱོད་དཀའ་བ་དང་རླངས་འཁོར་བདེ་འཇགས་ངང་སྤྱོད་མི་ཐུབ་པ་སོགས་ཀྱི་གྲོང་སྡོད་ལས་བྱེད་པའི་དཀའ་གནད་བསལ་ནས་ལས་བྱེད་པའི་གྲོང་སྡོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་གྲོང་སྡོད་ལས་དོན་རུ་ཁག་ལ་གྲོང་སྡོད་ཆེད་སྤྱོད་རླངས་འཁོར་དང་ཁ་ལོ་བ་བཀོད་སྒྲིག་བྱས་ནས་གྲོང་སྡོད་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། འདི་ནི་གྲོང་སྡོད་ཆེད་སྤྱོད་རླངས་འཁོར་སྤྱོད་འགོ་ཚུགས་པའི་མཛད་སྒོ་སྤེལ་ཡུལ་ཡིན་པ།