《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月15日

དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མང་།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་བའི་སྒང་འདིར། ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། བར་སྐོར། གནམ་མཚོ་སོགས་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་ཞིང་། “དགུན་དུས་བོད་དུ་ཡུལ་སྐོར་ལ་སྐྱོད་པ”ཞེས་པའི་བྱེད་སྒོའི་སྐུལ་འདེད་འོག ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་མི་ཚོགས་རྒྱུན་ཆད་མེད་པར་མང་དུ་འགྲོ་ཡི་ཡོད། འདི་ནི་ལྷ་སའི་བར་སྐོར་དུ་ཡུལ་སྐོར་བས་ཁྲོམ་སྐོར་གྱིན་ལག་ཐོགས་ཁ་པར་ནས་བརྙན་འབེབས་བཞིན་པ།