ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་དང་གཞིས་རྩེ་གྲོང་ཁྱེར་གྱི་ཁག་བཞི་པའི(རྫོང་དང་ཆུས)གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་བྱང་བུ་དང་རྒྱུན་འཛིན་པའི་ལག་ཁྱེར་སྤྲོད་པའི་མཛད་སྒོ་ལྷ་རྩེ་རྫོང་དུ་འཚོགས་པ་དང་ས་གནས་ས་ཐོག་ཏུ་ཁག་བཞི་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བྱང་བུ་དང་། ཁག་བཞི་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ལག་ཁྱེར། གཞིས་རྩེའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བྱང་བུ་བཅས་སྤྲད་པ་རེད།
འདི་ནི་ཚོགས་ཞུགས་མི་སྣས་ལྷ་རྩེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ཚོགས་ཞུགས་མི་སྣས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ《ལྷ་རྩེའི་སྟོད་གཞས》ལ་ལྟ་བཞིན་པ།