འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་རྒན་རྒོན་ལ་གཅེས་སྐྱོང་བྱས་ནས་དཔྱིད་གསར་དགའ་གཏོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཁོངས་གཏོགས་དེའི་ལོ་60ཡན་གྱི་མི་ཧྲེང་རྒན་རྒོན་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་སྒྲིག་འཛུགས་བྱས་ནས་དགའ་སྤྲོ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་བཏང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་མི་སྣས་ཁོངས་གཏོགས་དེའི་མི་ཧྲེང་རྒན་རྒོན་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་ནས་གསོལ་ཚིགས་གྲ་རྒྱས་པོ་བཤམས་པ་མ་ཟད། ད་དུང་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པོ་སྒྲིག་འཛུགས་བྱས་ཏེ། རྒན་རྒོན་ཚོར་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་གནང་ལུགས་དང་ཁྱིམ་གྱི་དྲོ་སྐྱིད་ཚོར་བར་བྱས་ནས། རྒན་གཅེས་རྒན་བཀུར་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་པར་རྨང་གཞི་ཡག་པོ་བཏིངས་བ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)