《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月15日

ཏང་གཤིས་བློ་སྦྱོང་ཞུན་བརྡར་གྱིས་ཡར་བརྩོན་སྟོབས་ཤུགས་འཕེལ་བར་བྱེད།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཆུང་ཁེར་ཆེད་གསུམ་གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཀྲི་པུས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་གྱི་དང་བླངས་བྱེད་སྒོ་དང་། གཅིག་སྡུད་སློབ་སྦྱོང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བཅས་སྤེལ་བ་བརྒྱུད་ཏང་ཡོན་ལ་སློབ་སྦྱོང་དང་། ཞིབ་བསྡུར། ལག་ལེན་བཅས་གཏིང་ཟབ་ཞིབ་ཚགས་བྱེད་པའི་ཁྲོད་དུ་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཆུང་ཁེར་ཆེད་གསུམ་གྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་ཀྲི་པུས་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།