2023ལོར་ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་འཛུགས་སྐྱོང་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “དོན་ཆེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “སྣེ་ཁྲིད་པ་བདུན”ཡག་པོ་བྱེད་པ། “ལྟེ་གནས་སྟོབས་ཆེར་གཏོང་བའི”འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།
རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པ།
ལྷ་ས་གྲོང་ཁྱེར་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ་བཅས་བྱས་ནས་བསམ་བློ་གཅིག་གྱུར་དང་། འདུན་པ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བ་བྱས་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་མཐར་ཕྱིན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སློབ་སྦྱོང་ཆེན་པོ་དང་། དྲིལ་བསྒྲགས་ཆེན་པོ། དོན་འཁྱོལ་ཆེན་པོ་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། འགོ་ཁྲིད་ལས་བྱེད་པ་དང་། སྒྲོག་འགྲེལ་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་ཀྱིས་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་2.1སྤེལ་བ་དེ་ཏང་ཡོན་མང་ཚོགས་ཡོངས་ལ་ཁྱབ་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་ནུས་ལྡན་བཏང་ཞིང་། “དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ལྷ་ས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྣེ་ཁྲིད་ནས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་87གྱིས་དཔེ་ཀློག་འཛིན་གྲྭ་ཉིན་7ལས་མི་ཉུང་བ་གཉེར་བར་དཔེ་སྟོན་སྣེ་ཁྲིད་བྱས་ཡོད། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱ་གཞི་387གཏན་འཁེལ་བྱས་པ་དང་། གནད་དོན་4355ཤེས་རྟོགས་བྱུང་བ། གནད་དོན་3492ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། ཞིབ་བཤེར་དང་དག་ཐེར་གཏིང་ཟབ་བྱས་ཏེ་ཆེད་དོན་18ཁ་གསལ་བཟོས་ནས་བཅོས་སྒྲིག་བྱས་པ་དང་གནད་དོན་གྱི་གསལ་ཐོ་1254ཞིབ་ཕྲ་བཟོས་པ་དང་འབྲེལ། དོན་ཚན་རེ་རེ་བཞིན་བཅོས་སྒྲིག་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ཏང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱས་ནས་
ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་
བརྩི་སྲུང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱས་པ།
ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”མཐའ་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་གོ་རྟོགས་དང་། ཆབ་སྲིད་ཀྱི་དད་སེམས། ཆབ་སྲིད་ཀྱི་རང་རྟོགས་བཅས་ལ་བརྩི་རྒྱུ་དེ“སྲུང་སྐྱོང་གཉིས”ཀྱི་ནང་གནས་ཀྱི་སྟོབས་ཤུགས་སུ་འགྱུར་བར་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། “གྲོས་གཞི་ཨང་དང་པོའི”ལམ་ལུགས་ནན་དུ་དང་སྒོ་རྒྱག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་ལས་དོན་སྤེལ་ཡོད། 2023ལོར་ལྷ་ས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཐེངས་190བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དང་ལས་ཀའི་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ཐེངས་164བྱས་ནས་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་ཚང་མ་ལག་བསྟར་མཐར་ཕྱིན་ཐུབ་པ་བྱས་ཡོད།
ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ་ལ་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། 2023ལོར་ལྷ་ས་གྲོང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ལ་ལས་དོན་སྙན་སེང་ཐེངས་163ཞུས་པ་དང་ཁྱབ་ཁོངས་ཁག་གི་གཞུང་ལས་མཐུན་སྦྱོར་ཚོགས་འདུ་ཐེངས་28འཚོགས་ནས། ཏང་གི་འགོ་ཁྲིད་དེ་བཟོ་ཚོགས་དང་། སྡེ་ཚོགས་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་སོགས་སྐབས་བརྗེའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་བཀག་ལྟར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན། འབྲིང་རིམ་མི་དམངས་ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་ཉན་ནས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་ཏང་གི་ཆུ་ཚད་མཐོ་རུ་བཏང་ཡོད།
གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱས་ནས་ཏང་
རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་བ།
ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མངོན་ཡོད་ཁྱབ་ཁྱོན་དང་། སྤུས་ཚད་མཐོར་གཏོང་། དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་ཡོད།
གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པར་སྐུལ་འདེད་བཏང་ཞིང་། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་དང་བཅོས་སྐྱོང་ཚན་པ་ལེགས་སུ་བཏང་བ་དང་། ཁྲོམ་གཞུང་5དང་གྲོང་ཚོ(གྲོང་ལྷན)35གསར་དུ་བཙུགས་པ། དྲ་མིག་ཅན་2880ལེགས་སྒྲིག་བྱས་པ། ཏང་རྩ་འཛུགས་1681བཙུགས་པ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དང་eས་ཚིགས་སོགས་60བཙུགས་པ། སྤྱི་ཚོགས་ཀྱི་ལས་དོན་མི་སྣ་1202གདན་ཞུ་བྱས་ནས་དྲ་མིག་ཅན་གྱི་དོ་དམ་ལས་དོན་སྤེལ་བར་བཏང་བ། དུས་མཚུངས་སུ་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་འགོ་ཁྲིད་མཐུན་སྦྱོར་ལམ་སྲོལ་བཙུགས་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཉམ་བཅོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་བྱེད་ཐབས་བཏོན་ཡོད།
གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་གཅིག་སྡུད་འགག་སྒྲོལ་ལ་སྐུལ་འདེད་བཏང་ཞིང་། ཏང་གི་རྩ་འཛུགས་དང་ལས་དོན་ཁྱབ་རྒྱ་ཆེ་རུ་བཏང་བ་དང་། ལྷ་ས་གྲོང་ཁྱེར་དུ“གསུམ་ལྡན”གྱི་སྤྱི་དབང་མིན་པའི་ཁེ་ལས་1284ལ་ཏང་རྩ་འཛུགས་ཁྱབ་ཚད་88.16%ཟིན་པ་དང་སྤྱི་ཚོགས་རྩ་འཛུགས་75ལ་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་ཡོད། བཀོད་དོན་ཟུང་འབྲེལ་དང་གོང་འོག་མཉམ་འགུལ་གྱི་ཏང་འཛུགས་སྐྱོང་གི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ལས་དང་མྱུར་སྐྱེལ་ལས་རིགས་ཀྱི་ཏང་ཨུད་གསར་དུ་འཛུགས་པ། ལས་རིགས་ཀྱི་ཏང་འཛུགས་སྐྱོང་ཁྱབ་ཁོངས་12ལ་ཁྱབ་ནས་ཏང་གི་འབོད་སྐུལ་བྱེད་ནུས་དང་། གོང་བུ་འགྲིལ་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
(ཉི་དོན་དང་དཀོན་མཆོག་སྒྲོལ་མས་སྒྱུར་ཞུས་བྱས)