《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月14日

རྟ་རྩལ་རྟ་རྒྱུག་ལྟད་མོ་ཆེ། ལོ་གསར་རྣམ་པ་འཁྲུག་ཆ་དོད།

ཟླ་2ཚེས་12ཉིན་ཏེ་བོད་ཀྱི་ལོ་གསར་གྱི་ཚེས་གསུམ་ཉིན། “ལུས་རྩལ་རྩེད་ནས་ལོ་གསར་གཏོང་། བདེ་ཐང་ངང་ནས་དཔྱིད་གསར་བསུ”ཞེས་པའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་ལྷ་སར་འཚོགས་པ་རེད།

ལག་ཏུ་ཁ་བཏགས་དང་མེ་ཏོག་འཁྱེར་བའི་རྟ་པ་ཚོ་རྒྱུག་རར་ཡོང་ནས་ལྟད་མོ་བ་ཚོར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་རྗེས། ཁ་བཏགས་དང་མེ་ཏོག་བསྒྲུགས་པ་དང་རྟ་ཐོག་ནས་མདའ་འཕེན་པ་སོགས་ཀྱི་རྟ་རྩལ་ངོམ།

རྒྱུག་རའི་སྡིངས་ཆའི་ངོགས་སུ་ལྟད་མོ་བས་ཁེངས་པ་དང་ཁོང་ཚོས་དགའ་བསུ་ཞུས་ནས་དགའ་འབོད་བྱེད་བཞིན་མཆིས།

ད་ཐེངས་རྟ་རྩལ་འཁྲབ་སྟོན་ནང་ལེ་ཚན་ཆེ་བ་18དང་ཆུང་བ་20ཡོད་པ་དང་མི་རིགས་རྟ་རྒྱུག་འགྲན་བསྡུར་ནང་སྨི་3000དང་། སྨི་5000 སྨི་8000བཅས་རྣམ་གྲངས་གསུམ་ཡོད་པ་རེད།