《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月14日

གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གཞུང་པ་ཤང་གིས།

ཕྱུཌ་རིཌ་བཤས་གཏོང་ཚད་མང་དུ་བཏང་ནས་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གཞུང་པ་ཤང་གིས་མོ་ཕྱུགས་དང་རྒྱུད་བཟང་ཕོ་ཕྱུགས་སོགས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་གསོ་ཚགས་བྱེད་པོའི་ཕྱུགས་རིགས་བཤས་གཏོང་བའི་ཧུར་སེམས་འཕེལ་བར་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་ཕྱུགས་རིགས་བཤས་གཏོང་ཚད་དང་ཚོང་ཚད་མཐོ་རུ་གཏོང་བ་དང་ཁྲོམ་རར་མཁོ་སྤྲོད་བྱེད་མང་དུ་བཏང་སྟེ། ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ཏེ། འབྲོག་ལས་ཐོན་རྫས་མཁོ་སྤྲོད་ཀྱི་བདེ་འཇཌ་ལྡན་པའི་འགན་ལེན་ནུས་པ་རིམ་བཞིན་ཆེ་རུ་གཏོང་བ་དང་། རྩྭ་ཕྱུགས་དོ་སྙོམས་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་གཏོང་ཆེད། གཞུང་པ་ཤང་གིས་ལས་ཀའི་ཆེད་དོན་ཚན་ཁག་བཙུཌ་ནས་ཐབས་མང་མཉམ་སྤྱོད་ཀྱིས་འབྲོག་པར་བཤས་གཏོང་བའི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་པར་ཁྲིད་སྟོན་བྱས་ཏེ་བཤས་སྔ་ཙམ་གཏོང་བ་དང་། བཤས་མང་ཙམ་གཏོང་བ། བཤས་མགྱོཌ་ཙམ་གཏོང་བ། བཤས་གཏོང་དགོས་རིགས་བཤས་གང་ཐུབ་གཏོང་བ་བཅས་བྱས་ནས་འབྲོག་པའི་ཡོང་འབབ་འཕར་གང་ཐུབ་བྱས་པས་རྩྭ་ཐང་གི་སྐྱེ་ཁམས་ལེགས་སུ་ཕྱིན་ཡོད། མིག་སྔའི་བར། གཞུང་པ་ཤང་གིས་དུས་མིན་སྒོ་ནས་བཤས་བཏང་བའི་ཕྱུགས་རིགས་མགོ་གྲངས་1361ཟིན་པ་དང་། དེའི་ནང་འབྲི་གཡག་མགོ་གྲངས་204དང་ལུག་1157ཡོད་པ་དང་། མཉམ་ལས་ཁང་ལ་འབྲི་གཡག་མགོ་གྲངས་65དང་ལུག་255ཡོད། ཕྱུཌ་རིཌ་བཤས་བཏང་བར་ཁ་གསབ་རོགས་དངུལ་སྒོར་ཁྲི་35.565བྱུང་བ་དང་། དེའི་ནང་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་14.77བཏང་བ་རེད།

(པད་ཆོས་དང་པ་ཚེས་སྒྱུར་ཞུས་བྱས)