《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月14日

ཉོ་དུས་བློས་འཁེལ་བ། ཟ་དུས་བློ་བདེ་བ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་2023ལོའི་ལྷ་ས་གྲོང་ཁྱེར་གྱི་ཚགས་ཤ་གཅིག་སྡུད་ཐོག་འཚོང་བའི་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་འབྲི་གཡག་གཅིག་སྡུད་གསོ་ཚགས་ཀྱི་ཕན་འབྲས་སྟོན་པ་དང་། གྲོང་མི་མང་ཚོགས་ཀྱི་ཚགས་ཤའི་དགོས་མཁོ་སྐོང་བ། འབྲོག་ཟོག་གི་རིན་གོང་སྙོམས་པ། མི་དམངས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བཅས་བྱ་ཆེད། ད་ཐེངས་ཀྱི་བྲིན་ཚོང་བྱེད་སྒོར་ཁྱོན་ཁྲོམ་བཀྱག་18བཀོད་སྒྲིག་བྱས་ཡོད། དེའི་ནང་འདམ་གཞུང་རྫོང་གི་ཚགས་ཤ་ཚོང་ཁུལ་དང་། ལྷུན་གྲུབ་རྫོང་གི་ཚགས་ཤ་ཚོང་ཁུལ། སྟག་རྩེ་ཆུས་ཀྱི་ཚགས་ཤ་ཚོང་ཁུལ། སྙེ་མོ་རྫོང་གི་ཚགས་ཤ་ཚོང་ཁུལ། ལྷ་ས་གྲོང་ཁྱེར་ས་གཙང་ཀུང་སིའི་ཚགས་ཤ་ཚོང་ཁུལ། ཆུ་ཤུར་རྫོང་གི་ཚགས་ཤ་ཚོང་ཁུལ། མལ་གྲོ་གུང་དཀར་རྫོང་གི་ཕག་ཤ་ཚོང་ཁུལ་སོགས་ཞིང་འབྲོག་ཐོན་ཟོག་ཚོང་ཁུལ་11ཡོད། དེའི་ནང་ཞིང་འབྲོག་ཐོན་ཟོག་ལས་སྣོན་ཁེ་ལས་སམ་མཉམ་ལས་ཁང་11གིས་ཚགས་ཤ་དང་དམར་འདུར་སོགས་ཞིང་འབྲོག་ཁྱད་ལྡན་ཐོན་ཟོག་འཚོང་གི་ཡོད། བྱེད་སྒོ་སྤེལ་རིང་ལྷ་ས་གྲོང་ཁྱེར་སྲོག་ཆགས་འཕྲོད་བསྟེན་དང་སྐྱེ་དངོས་ནད་ཡམས་ཞིབ་བཤེར་ལྟ་སྐུལ་སུའོ་ཡིས་ད་དུང་ནད་ཡམས་ཞིབ་བཤེར་མི་སྣ་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་པར་མངགས་ཏེ་རྒྱ་ཆེའི་གྲོང་མིར་ཉོ་དུས་བློས་འཁེལ་བ་དང་ཟ་དུས་བློ་བདེ་པོ་ཡོང་བར་བྱས་ཡོད།

པར་གོང་མ་ནི་གྲོང་མིས་ཞིང་ཞོར་ཐོན་ཟོག་ཉོ་བཞིན་པ།

པར་འོག་མ་ནི་གྲོང་མིས་ཚགས་ཤ་ཉོ་བཞིན་པ།