འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་དྲ་ཐོག་ཚོང་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ཁག་བཅུ་པའི་དཔལ་འབར་ལས་དོན་ཚོགས་ཆུང་གིས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་དྲ་ཐོག་ཚོང་དོན་གྱི་ལས་ཞུགས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཧྥུའུ་ཅན་ནན་ཅིང་རྫོང་དུ་དྲ་ཐོག་ཚོང་དོན་གྱི་སྤེལ་རེས་སློབ་སྦྱོང་བྱེད་སྒོ་ཉིན་10སྤེལ་བ་རེད།
ད་ཐེངས་ཀྱི་སྤེལ་རེས་སློབ་སྦྱོང་ལ། རིགས་པའི་གཞུང་ལུགས་འགྲེལ་བཤད་དང་བཀོལ་སྤྱོད་དངོས་ཟུང་འབྲེལ་གྱི་ཐབས་ཤེས་སྤྱད་པ་རེད། འཆད་ཁྲིད་དགེ་རྒན་གྱིས་རྫོང་ཁོངས་དྲ་ཐོག་ཚོང་དོན་གྱི་ཉམས་མྱོང་མཉམ་སྤྱོད་དང་ཐད་གཏོང་གི་བཀོལ་སྤྱོད་དངོས་སོགས་ཀྱི་བྱ་ཐབས་བརྒྱུད། བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་ཐད་གཏོང་ཨང་རྟགས་གཉེར་སྐྱོང་བྱེད་སྟངས་སོགས་ལ་གོ་བདེ་ཤེས་སླའི་འགྲེལ་བཤད་བརྒྱབ་པ་རེད། ད་ཐེངས་ཀྱི་སྤེལ་རེས་སློབ་སྦྱོང་བྱེད་སྒོ་ཡག་པོ་སྤེལ་ཆེད། ནན་ཅིང་རྫོང་བཟོ་འཕྲིན་ཅུས་ཀྱིས་ད་དུང་བོད་ལུགས་ཀྱི་ཉམས་འགྱུར་ལྡན་པའི་ཐད་གཏོང་ཁང་བཙུགས་པ་མ་ཟད། ཚགས་ཤ་སྐམ་པོ་དང་ཐང་ག་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་རྫས་གྲ་སྒྲིག་བྱས་པ་དང་སློབ་མ་ཚོས་ཀྱང་བོད་ཆས་སྤྲས་ཏེ་ལག་ཐོགས་ཁ་པར་ནས་ཐད་གཏོང་ཚོད་ལྟ་བྱས་པ་རེད།