འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་འཛུགས་སྐྱོང་ལ་བརྟེན་ནས“བཞི་བཅོས་མཉམ་འདྲེས”ལ་སྣེ་ཁྲིད་པའི་གྲོང་གསེབ་ཀྱི་བཅོས་སྐྱོང་ལག་ལེན་སྔར་བས་ཟབ་ཏུ་བཏང་སྟེ། སྐར་གྲངས་བསགས་ནས་ཤེས་དཔལ་གྱི་དར་སྲོལ་གསར་པར་སྣེ་ཁྲིད་པའི་ནུས་པ་གང་ལེགས་འདོན་ཆེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་འཆར་འགོད་ཧུར་ཐག་དང་འགན་འཁྲི་ཁག་བགོས་དང་དམིགས་ཚད་ལས་འགན་གསལ་བཟོ་བྱས་ཏེ“རྣམ་པ་གསར་པའི”སྐར་གྲངས་གསོག་པའི་བྱ་སྤྱོད་སྤེལ་ཞིང་། ཉེ་ཆར་སྤང་ཕུ་གྲོང་ཚོའི“སྐར་གསོག་དངུལ་ཁང”ལ་སྐར་གྲངས་བརྗེ་ལེན་གྱི་མང་ཚོགས་ཁག་དང་པོ་སླེབས་པ་རེད།
བརྗེ་ལེན་བྱེད་སྐབས། སྤང་ཕུ་གྲོང་ཚོའི་འབྲེལ་ཡོད་ལས་དོན་པས་དེ་གར་ཡོང་བའི་མང་ཚོཌ་ལ“མི་རིཌ་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སྒྲོག་འགྲེལ་བྱས་པ་མ་ཟད། མང་ཚོཌ་ལ“སྐར་གསོག་དངུལ་ཁང”གི་དོ་དམ་བྱ་ཐབས་དང་སྐར་གྲངས་ཞིབ་སྲོལ་ངོ་སྤྲོད་བྱས་པ་རེད། དེ་རྗེས་མང་ཚོགས་ཚོས་ཁ་པར་གྱི“སྐར་གསོག་ལམ་ལུགས”ཞེས་པའི་བྱ་རིམ་ཆུང་གྲས་ཁ་ཕྱེ་བ་དང་དྲ་ཕྱི་ནས་སྐར་གྲངས་བརྗེ་ལེན་བྱས་རྗེས། ལས་དོན་པས་སྐར་གྲངས་ཀྱི་བཅོལ་འཛིན་དང་བརྗེ་ལེན་བྱས་པའི་ཚོང་ཟོག་སྤྲད་ཅིང་། མང་ཚོགས་ཚོས་བློ་ལ་བབས་པའི་ཚོང་ཟོག་ཁྱེར་བཞིན་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།