《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月14日

ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་། ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན།

—— ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བའི་སྐོར་བཀོད་པ།

ཚོང་གཉེར་ཁོར་ཡུག་ནི་ཁེ་ལས་འཚོ་གནས་ཐུབ་པ་དང་འཕེལ་རྒྱས་གཏོང་བའི་གཞི་རྟེན་ལྟ་བུ་ཡིན་པ་དང་། ཚོང་གཉེར་ཁོར་ཡུག་ཡག་པོ་ཡོད་ན། ཁེ་ལས་སྟོབས་ཆེར་འགྲོ་བ་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་བར་དོན་སྙིང་ཆེན་པོ་ལྡན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཅུས་དེས་ལྟ་འདོམས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། ཐོ་འགོད་སྟབས་བདེ་དང་། འགྲན་རྩོད་དྲང་གཞག ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཅས་ཡོང་བར་ཤུགས་སྣོན་མུ་མཐུད་བརྒྱབ་སྟེ། ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ནས“དོན་དག་མེད་པར་རྙོག་དྲ་མི་བཟོ་བ་དང་། ལྟ་འདོམས་གང་སར་གནས་པ། གནས་ཚུལ་ཐོན་ཚེ་ངེས་པར་བརྡ་ལན་ཞུ་བའི”སྲིད་དོན་གྱི་ཁོར་ཡུག་ཅིག་བཏོད་ཡོད། ད་བར་ལྷ་ས་གྲོང་ཁྱེར་དུ་ཚོང་གཉེར་བྱེད་པོ་སྣ་ཚོགས་ཁྲི་3ཙམ་མང་དུ་སོང་བ་དེ་དུས་མཚུངས་ལས་68.2%འཕར་ཡོད།

“གློད”རྒྱུ་སྔར་བས་གནད་འཁེལ་དང་མཐར་ཕྱིན་ཡོང་བར་བྱས་ཏེ་ཀུན་ལ་ཕན་པ་ཆེན་པོ་བསྐྲུན་པ།

གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྟབས་བདེ་ཡོང་བའི་བྱ་ཐབས་བཏོན་ཏེ་སྡོད་སའི(ཚོང་གཉེར་བྱ་ཡུལ)ངོ་སྤྲོད་ཀྱི་དོན་གནད་ཤེས་སུ་འཇུག་པའི་ཁས་ལེན་ལམ་ལུགས་ལག་ལེན་བསྟར་ཏེ་ཚོང་གཉེར་བྱེད་པོ་ཐོ་འགོད་བྱེད་རིང་འདོན་དགོས་པའི་སྡོད་ས(ཚོང་གཉེར་བྱ་ཡུལ)བེད་སྤྱོད་ཀྱི་ངོ་སྤྲོད་དོན་གནད་ལ་དམིགས་ཏེ་ཁེ་ལས་ཀྱིས་ཐོ་འགོད་ལས་ཁུངས་སུ་འབྲེལ་ཡོད་ཀྱི་ཆ་འཕྲིན་འདུན་ཞུ་བྱེད་དགོས་པ་མ་ཟད། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པར་ཁས་ལེན་བྱེད་དགོས་པ་བསྟན་ཞིང་། ད་བར་ཚོང་གཉེར་བྱེད་པོ་ཐོ་འགོད་ཀྱི་དོན་ཁག་7གྱི་ཁྲོད་འདོན་དགོས་པའི་སྡོད་སའི(ཚོང་གཉེར་བྱ་ཡུལ)ངོ་སྤྲོད་དཔྱད་ཡིག་ཚང་མ་ངོ་སྤྲོད་ཀྱི་དོན་གནད་ཤེས་སུ་འཇུག་པའི་ཁས་ལེན་ལམ་ལུགས་དང་མཐུན་ཡོད། ཆད་རུང་བདག་སྤྲོད་ལམ་ལུགས་ལག་ལེན་བསྟར་བ་དེས་ཚོང་གཉེར་བྱེད་པོའི་ཐོ་འགོད་དང་འབྲེལ་བའི་དོན་གནད་22ཀྱི་རྣམ་གྲངས་78ལ་ཆད་རུང་བདག་སྤྲོད་ལག་ལེན་བསྟར་བ་དང་འདུན་ཞུ་བྱེད་མཁན་གྱིས་ཡིག་ཐོག་ཁས་ལེན་བྱས་པར་བརྟེན་ནས་དུས་བཀག་ནང་དཔྱད་གཞི་ཁ་གསབ་བྱེད་ཆོག་གི་ཡོད།

དེ་དང་ཆབས་ཅིག“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལ་སྐུལ་འདེད་བཏང་ཞིང་། 《“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་གཏིང་ཟབ་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་གཞུང་ལས་ཁང་གི་བརྡ་ཐོའི》དགོངས་དོན་གཞིར་བཟུང་། ཟས་རིགས་ཚོང་གཉེར(སྔོན་མངགས་ཐུམ་སྒྲིལ་ཟས་རིགས་ཁོ་ན་ཚུད་པ)དེ་ཞིབ་མཆན་འགོད་པ་ནས་ཐོ་འགོད་སྙན་སེང་དུ་བསྒྱུར་ཡོད།

“དོ་དམ”བྱ་རྒྱུ་སྔར་བས་གནད་འཁེལ་དང་དྲང་གཞག་ཡོང་བར་བྱས་ནས་དྲང་པོ་དྲང་གཞག་ཆེན་པོ་བྱུང་བ།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རའི་སྒྲིག་ལམ་ལ་སྔར་བས་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ་དང་། བྱ་ཐབས་སྣ་ཚོགས་བཏོན་ནས་ཁྲོམ་རའི་སྒྲིག་ལམ་དང་རིགས་ཁག་གི་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། “བདེ་འཇགས་ཆེན་པོ་བཞིའི”མཐའ་ཚད་བསྲུངས་ཤིང་། འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་བར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་གྱོད་གཞི་སྣ་ཚོགས་282ཀྱི་འགྲོ་ལུགས་གཉེར་བར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་123.12དང་། ཆད་པ་བཅད་པ་དང་གཞུང་བཞེས་བཏང་བའི་དངུལ་འབོར་སྒོར་ཁྲི་209.6ཟིན་ཡོད། གཅིག་སྡུད་མེད་པར་བཟོ་བའི་བྱེད་སྒོ་སྤེལ་རིང་དངོས་རྫས་ཏུན་50མེད་པ་བཟོས་པར་རིན་ཐང་སྒོར་ཁྲི་80.5ཟིན་ཡོད། ལྷ་ས་གྲོང་ཁྱེར་གྱིས“བཟའ་བཏུང་འཕྲོ་བརླག་ལ་ངོ་རྒོལ”གྱི་ཆད་ཐོ་ཐོག་མར་བཏོན་པ་དང་། 2023ལོ་འཁོར་གྱི“སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་ཟུང་དུ་འབྲེལ་བའི”གྱོད་གཞི་ཐོག་མར་ལེགས་སྒྲུབ་བྱས་ཡོད། གློག་མཁོ་འདོན་གཞན་སྒྱུར་གྱི་གློག་རིན་ལེགས་སྒྲིག་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གློག་མཁོ་འདོན་གཞན་སྒྱུར་གྱི་མཐའ་སྣེ་སྤྱོད་མཁན་ས་ནས་གློག་རིན་ཐོལ་པ་སྒོར་ཁྲི་25.8བསྡུས་པ་ཕྱིར་སློག་བྱས་པ་མ་ཟད་དངུལ་ཆད་སྒོར་ཁྲི་2བཅད་ཡོད།

ཁྲོམ་རའི་དགོས་མཁོར་ཕྱོགས་མང་པོ་ནས་སྟོབས་ཤུགས་འདོན་རྒྱུ་ཚད་ལྡན་ཡོང་བར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་མུ་མཐུད་བརྒྱབ་ནས་ཐེར་འདོན་ཁ་པར་ཨང་གྲངས་12315བརྒྱུད་དེ་ཞུ་གཏུག་གྱོད་གཞི་9717བདག་སྤྲོད་དང་། རྩོད་གཞི་ཡོད་པའི་དངུལ་འབོར་སྒོར་ཁྲི་1989.8ཟིན་པ་དང་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་267.96མི་ཕོག་པར་བྱས་པ། སྲིད་གཞུང་གི་ཐད་སྦྲེལ་ཁ་པར་གྱི་ལས་ཐོ་1836བདག་སྤྲོད། དྲ་རྒྱ་དང་དྲ་དམངས་ཀྱི་ལན་འཇོག་སོགས་ཀྱི་གླེང་སློང་དོན་གནད་131ཐག་གཅོད། ODRཁེ་ལས་25ཡིས་དྲ་ཐོག་ནས་འཛད་སྤྱོད་པའི་རྩོད་གཞི་68འདུམ་འགྲིག་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་20.7མི་ཕོག་པ་བཅས་བྱས་ཡོད།

“ཞབས་ཞུ”སྔར་བས་སྟབས་བདེ་དང་སྤུས་ལེགས་ཡོང་བར་བྱས་ནས་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་ཐོག་ནས་ལས་གཉེར་དང་གློག་རྡུལ་ལས་གཉེར་ལག་ཁྱེར་གཉེར་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གློག་རྡུལ་ལས་གཉེར་ལག་ཁྱེར་ལ་བརྟེན་ནས་ཁྲལ་དོན་དང་། སྤྱི་ཚོགས་འགན་བཅོལ། དངུལ་ཁང་གི་བཅོལ་ཁུངས་སོགས་ཀྱི་ལས་དོན་གཉེར་ཆོག་གི་ཡོད། ཁེར་རྐྱང་བཟོ་ཚོང་དུད་ཚང་གི“རིག་ནུས་ཞིབ་མཆན”ལ་སྐུལ་འདེད་བཏང་ནས་ཅུས་དེའི་ཐོ་འགོད་སྐར་ཁུང་དང་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་གྲོང་ཤར་དང་། གྲོང་ནུབ། གྲོང་བྱང་བཅས་ཀྱི་ཞིབ་མཆན་ལྟེ་གནས་དང་། སྟག་རྩེ་ཆུས། སྣེའུ་ཁུལ་གསར། སྟོད་ལུང་བདེ་ཆེན་ཆུས། མལ་གྲོ་གུང་དཀར་རྫོང་བཅས་ཀྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཐོ་འགོད་སྐར་ཁུང་དུ་རིག་ནུས་ཞིབ་མཆན་སྒྲིག་ཆས་18བཀོད་སྒྲིག་བྱས་ནས་ཐོན་རྟག་པའི་དོན་གནད་ཁག་40དེ་གར་གཉེར་ནས་དེ་ག་ནས་ལག་འཁྱེར་ལེན་ཐུབ་པ་བྱས་ཡོད། ཟླ་དང་པོ་ནས་བཅུ་པའི་བར་བརྒྱུད་རིམ་ཧྲིལ་པོར་ལས་སྒོ་གཉེར་མཁན་དུད་ཚང་ཁྲི་2.5ཟིན་པ་དེ་ཐོ་འགོད་ལས་སྒོ་སྣ་ཚོགས་ཀྱི་90%ཡན་ལ་ཁྱབ་པ་དང་། གློག་རྡུལ་ལས་གཉེར་ལག་ཁྱེར་ཁྲི་2.5ལ་ཆོག་མཆན་སྤྲད་པ། རིག་ནུས་མཐའ་སྣེའི་སྒྲིག་ཆས་བརྒྱུད་ནས་ལས་སྒོ་5764ཐོ་འགོད་བྱས་ཡོད། འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱིས་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་ཐོ་འགོད་བྱེད་ཚད་རིམ་རྩིས་བྱས་ན་དུད་ཚང་ཁྲི་17.5ཟིན་པ་དེ་དུས་མཚུངས་ལས་13.4%འཕར་ཡོད། དེ་དང་ཆབས་ཅིག་ནུས་རྒྱུ་གསར་པར་བརྟེན་ནས་ཚོང་དུད་ཀྱི་ཐོ་སུབ་པའི་ཐབས་ལམ་གསར་པ་བཏོད་ཡོད། ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་ཁོངས་ནས་སུབ་རྒྱུ་སྟབས་བདེ་ཡོང་བར་སྐུལ་འདེད་བཏང་སྟེ“གྲངས་གཞི་མང་ཙམ་སྤྱོད་པ”ནས“མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ”བྱེད་གང་ཐུབ་བྱས་ཏེ“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པ”མངོན་འགྱུར་ཐུབ་པ་བྱེད་པ་དང་།“ལག་ཁྱེར་གཉིས་ཟླ་སྒྲིལ”སྒྱུར་བཅོས་ལག་བསྟར་བྱས་རྗེས་ཐོ་འགོད་བྱས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་སྟབས་བདེའི་ངང་ཐོ་ཁོངས་སུབ་རྒྱུ་རེ་ཞུ་བྱེད་ཆོག་པ་མ་ཟད། ཐོ་ཁོངས་སུབ་པར་ཁས་ལེན་ཡི་གེ་སྤྲོད་མི་དགོས་པ་དང་ཡོངས་བསྒྲགས་བྱེད་མི་དགོས་པར་གྲངས་གཞི་བརྗེ་རེས་བརྒྱུད་ཐོ་ཁོངས་སུབ་ཆོག་པ་བཟོས་ཡོད།