ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིཌ་པ་དང་། “འཛུགས་གཏོད་བཞི”དང་། “མདུན་གྲལ་དུ་སླེབས་པ་བཞི” “ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”བཅས་ལ་ཤུགས་བརྒྱབ་ནས། “གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་། ཐོན་ལས་སྟོབས་ཆེར་གཏོང་བ། གྲོང་གསེབ་དར་རྒྱས། འཕེལ་རྒྱས་མཉམ་འདྲེས། དཔའ་ངར་ཆེན་པོས་སྙེག་བརྒལ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་པས་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྔོན་ཐོན་རྫོང”དང“རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བརྟག་དཔྱད་ཐེངས་གསུམ་པའི་སྔོན་ཐོན་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས། རྒྱ་ཆེའི་ལས་བྱེད་པ་དང་ལས་གཏོད་པའི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་སྔར་བས་འཕེལ་བ་དང་། ལས་སྒྲུབ་ལས་ཕྱོད་དང་ལས་ཀའི་སྤུས་ཚད་སྔར་བས་ལེགས་སུ་་ཕྱིན་པ་བཅས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞི་བརྟན་དུ་བཏང་བ།
རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། ཆུ་གསུམ་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་གཏིང་ཟབ་བྱེད་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། སེམས་སུ་ཟུག་ཐུབ་པ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ཆུ་གསུམ་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ཟུང་འབྲེལ་བྱས་ཏེ། ལྷོ་ཁ་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་མཐོ་རིམ་འཆད་ཁྲིད་དགེ་རྒན་ཀྲང་ཆིང་གདན་དྲངས་ནས་ཏང་ཡོན་ལས་བྱེད་པར་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་འཆད་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྗོད་དོན་གཙོ་བོར་བྱེད་པའི་འཆད་ཁྲིད། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་དང་། ཏང་ཡོན་ལས་བྱེད་པའི་འགན་འཁྲི་དང་ལས་འགན།“གཞི་རིམ་དུ་སྐྱོད་པ་བཞིའི”ལས་དོན་སྤེལ་རིང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐབས་ལམ་གཙོ་བོ་བཅས་ལ་གསལ་འགྲེལ་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པའི་གཞི་རིམ་ཏང་ཡོན་ལས་བྱེད་པའི་ངོས་འཛིན་དེ་བས་ཟབ་ཏུ་བཏང་ཡོད།
2023ལོ་ཚུན། ཆུ་གསུམ་རྫོང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་མཐའ་འཁྱོངས་དང་། དུས་བཀག་ལྟར་སློབ་སྦྱོང་ཚོགས་འདུ་དང་། སྤེལ་རེས་ཚོགས་འདུ། ལྟ་སྦྱོང་ཚོགས་འདུ་བཅས་ཀྱི་གྲུབ་འབྲས་ཕྱོགས་སྡོམ། ཉམས་མྱོང་སྤེལ་རེས། དུས་བབ་ལ་དབྱེ་ཞིབ། ལས་ཀ་བཀོད་སྒྲིག་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་ལ་དམ་འཛིན་དང་འཛུགས་སྐྱོང་བྱེད་པའི་བརྡ་རྟགས་གསལ་པོ་གང་ལེགས་བཏང་ནས་སྤྱོད་ཚུལ་ལ་དམ་འཛིན་གྱིས་ལས་དོན་དངོས་སྒྲུབ་པར་སྐུལ་འདེད་ཏན་ཏིག་བཏང་ཡོད།
གྲུབ་འབྲས་གཞན་སྒྱུར་གྱིས་འཕེལ་རྒྱས་དོན་གཉེར་བྱས་པ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགག་རྩ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་འཁྱོལ་བྱེད་པ་དེ་ཡིན་པ་དང་། འཕེལ་རྒྱས་ལ་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་དངོས་ཕན་ཐོབ་པ་ནི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དམིགས་ཡུལ་ཡིན།
དེར་བརྟེན་ཆུ་གསུམ་རྫོང་གིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱེད་པ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་དམ་འཛིན་བྱེད་གཞི་གཙོ་བོར་མཐའ་འཁྱོངས་ཀྱིས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དོན་འཁྱོལ་ཐུབ་པར་དམ་འཛིན་ཤུགས་ཆེན་བྱས་པས་རྣམ་གྲངས་ཀྱི་ཁྲིད་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་ཐུབ་ཡོད།
2023ལོ་ཚུན། ཆུ་གསུམ་རྫོང་གིས“མ་འཇོག་དོན་འཁྱོལ་ལོའི”བྱ་ཐབས་ཁག་ལ་དམ་འཛིན་ནན་པོ་བྱས་ནས་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཤུགས་ཆེན་བཏང་སྟེ། སྔ་རྗེས་སུ་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་ཐེངས་14འཚོགས་པ་དང་། ལྟ་སྐུལ་ཞིབ་བཤེར་ཐེངས་73བྱས་པ། གནད་དོན་ཁག་162ཤེས་རྟོགས་ཐུབ་པ་དང་དག་ཐེར་བྱས་ཡོད། ན་ནིང་ལོ་ཧྲིལ་པོར་རྫོང་ཡོངས་སུ་རྣམ་གྲངས་ཁག་99ལག་བསྟར་བྱེད་རྩིས་བྱས་པ་དང་། ན་ནིང་ཟླ་དང་པོ་ནས་བཅུ་པའི་བར་རྣམ་གྲངས་97ལས་འགོ་ཚུགས་པའམ་ལས་འགོ་བསྐྱར་ཚུགས་ཟིན་ནས་ལས་འགོ་ཚུགས་པའམ་ལས་འགོ་བསྐྱར་ཚུགས་ཐུབ་ཚད་97%ཟིན་ཏེ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་4.62བཏང་ཡོད། རྫོང་ཡོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག་4ལ་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་1.38བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་ཀྱི་དུས་འབྲིང་དཔྱད་དཔོག་ལེགས་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ནས་གྲབས་གསོག་རྣམ་གྲངས་ཁག་44ཇུས་འགོད་ཧུར་ཐག་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་20.5བཏང་ཡོད།
རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་མགྱོགས་པོ་གཏོང་བར་འགན་ལེན་བྱ་ཆེད། ཆུ་གསུམ་རྫོང་གིས་ཆེད་མི་གཏན་འཁེལ་གསལ་པོ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་། ས་ཁོངས་དབྱེ་བ་དང་ཆ་བགོས་འགན་ལེན་བྱས་ནས་བྱ་ཐབས་ནན་པོ་སྤྱད་དེ་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་རེད།
དངོས་ཡོད་ལ་གཞི་ཚུགས་ཏེ་དཀའ་གནད་བསལ་བ།
ལས་ཕྱོད་ཆེ་རུ་ནུས་ལྡན་བཏང་སྟེ“འགྱངས་གཡོལ་བསྐོར”དང་། “དགོས་པའི་ལས་མི་བྱེད་པ་དང་ལས་འགྱངས་གཏོང་བ”སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ཆུ་གསུམ་རྫོང་གིས་ཤེས་སྦྱོར་གཅིག་མཐུན་ཐུབ་པ་དང་། ལས་ཕྱོད་ཆེ་རུ་གཏོང་ཐུབ་པ། མང་ཚོགས་སེམས་ལ་འཆང་བ་སོགས་ཀྱི“སྒྲུབ་ཐུབ་པ་བཅུའི”ལས་ཀའི་བྱེད་ཐབས་གསར་དུ་བཏོན་ནས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་མང་ཚོགས་ཀྱི་གླེང་མང་བའི་འགག་གནད་གསེད་བཀྲོལ་བྱེད་པ་དང་། མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱེད་པ། རྩ་བའི་ཐོག་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ན་ནིང་ཚུན་ཆུ་གསུམ་རྫོང་གི་རིམ་པ་ཁག་དང་ཚན་པ་ཁག་གིས་རིམ་རྩིས་བྱས་ན་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་104ཐག་གཅོད་བྱས་ཡོད།
ཆུ་གསུམ་རྫོང་གིས་དྲ་ཕྱིའི་ཚད་གཞི་ཅན་གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གཏོད་རྒྱུ་ཤུགས་རྒྱག་སར་མཐའ་འཁྱོངས་ཀྱིས་ཁེ་ལས་དང་མང་ཚོགས་ལས་དོན་གཉེར་བར“ཐེངས་གཅིག་ལས་རྒྱུག་མི་དགོས་པའི”དམིགས་ཚད་ལ་དམིགས་ཏེ། སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་དང་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྲིད་འཛིན་ཞིབ་མཆན་སྒྱུར་བཅོས་སྔོན་ལ་བྱེད་པ་དང་དཔེ་སྟོན་དུ་གྱུར་བ་བྱས་ཡོད། 2023ལོའི་ལོ་མཇུག་བར་རྫོང་དེའི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་ཁྱོན་མང་ཚོགས་མི་ཐེངས་4280ལ་སྣེ་ལེན་ཞུས་པ་དང་། ལས་དོན་ཁག་3392སྒྲུབ་གཉེར་བྱས་པ། སྒྲུབ་གཉེར་བྱེད་ཚད་100%ཟིན་པ་བཅས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། གཞན་ཡང་ཆུ་གསུམ་རྫོང་གིས་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པས་ཤང(གྲོང་རྡལ)དང་ལས་དོན་འགན་གཙང་ལེན་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཤིང་། “དྲ་ཐོག་འབྲེལ་གཏུག་དང་དྲ་ཐོག་སྒྲུབ་གཉེར”གྱི་ལས་དོན་སྤེལ་སྟངས་ལ་བརྟེན་ནས་རིགས་ཁག་གི་ཡིག་འབུལ་ཞུ་བཅར་གྱི་དོན་དག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། 2023ལོའི་ལོ་མཇུག་བར་ཡིག་འབུལ་ཞུ་བཅར་ཁག་17དང་མི་ཐེངས་106ལ་སྣེ་ལེན་ཞུས་པ་དང་། དོན་དག་ཁག་14སྒྲུབ་གཉེར་བྱས་པ། སྒྲུབ་གཉེར་བྱེད་ཚད་82.35%ཟིན་པ། མ་དངུལ་སྒོར་ཁྲི་678.16ཐག་གཅོད་བྱས་པ་བཅས་རྫོང་ཡོངས་སུ་ཡིག་འབུལ་ཞུ་བཅར་གྱི་དོན་དག་ཕུང་གསོག་མ་ཐེབས་པའི་ཁོར་ཡུག་བཟང་པོ་ལོ་གསུམ་བསྟུད་མར་རྒྱུན་འཁྱོངས་བྱས་ཡོད།
མང་ཚོགས་ཀྱི་བློ་ལ་འབབ་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་ནི་སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་དངོས་རེད། གོམ་སྟབས་རྗེས་མར་ཆུ་གསུམ་རྫོང་གིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལ་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།
(ལྷག་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)