ཉེ་ཆར། སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གིས་ལས་ཞོར་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱས་ནས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་13ལ“སྒོར་གཞས་འཁྲབ་ནས་བདེ་སྐྱིད་མཚོན་པར་བྱེད། མཐུན་སྒྲིལ་བྱས་ནས་ཏང་ལ་བསྟོད་གླུ་འབུལ”བའི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་ཞིང་། འཁྲབ་སྟོན་ཐེངས་30དང་ལྟད་མོ་ཆེ་བའི་ལེ་ཚན་144འཁྲབ་ནས་མེས་རྒྱལ་དང་། ཕ་ཡུལ། འཚོ་བ་བཅས་ལ་གཞི་རིམ་མང་ཚོགས་ཀྱིས་དགའ་ཞེན་བྱ་ལུགས་དང་བསྟོད་པ་འབུལ་ལུགས་མཚོན་པ་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་། འདི་ནི་འཁྲབ་སྟོན་རུ་ཁག་གིས་མདོ་ཆོས་ཤང་རོང་པོ་གྲོང་ཚོར་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་པ།