འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་སློབ་ཁང”དང་། “དཔེ་མཚོན་སློབ་ཁང” “ལག་ལེན་སློབ་ཁང”བཅས་ཧུར་ཐག་བཏོད་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་སྤྲས་ནས“ཐོག་མའི་བསམ་འདུན་སློབ་ཁང”ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་ཡོད། འཕྱོངས་རྒྱས་གྲོང་རྡལ་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་འཆར་གཞི་དང་། སློབ་སྦྱོང་འཆར་གཞིའི་རེའུ་མིག གཙོ་གནད་ལས་འགན་གྱི་སྐུལ་འདེད་རེའུ་མིག་བཅས་ཞིབ་འཇུག་བྱས་ནས་བཟོས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་པར་དུ་ཀློག་དགོས་པའི་དཔེ་དེབ་དཀར་ཆག“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་ལ་བཅུག་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཡིག་འབྲུ་རེ་རེ་དང་ཚིག་རེ་རེ་བཞིན་སྦྱོང་བ་དང་ཇི་མ་ཇི་བཞིན་སྦྱངས་ཏེ་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་དང་ཏང་གཤིས་བློ་སྦྱོང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། འདི་ལོ་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཐེངས་20ལྷག་ཙམ་བྱས་པ་དང་སློབ་སྦྱོང་ལ་ཞུགས་མཁན་ཏང་ཡོན་མི་ཐེངས་500ལྷག་ཙམ་ཟིན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་མིག་སྔའི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་། གྲོང་གསེབ་དར་རྒྱས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ནས་སྤེལ་རེས་བགྲོ་གླེང་བཞུགས་མོལ་ཚོགས་འདུ་ཐེངས་6འཚོགས་པ་རེད། བྱེད་སྒོའི་གཞི་རྟེན་གསར་གཏོད་བྱས་ཏེ“དཔེ་མཚོན་སློབ་ཁང”ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྒྲིག་འཛུགས་ནུས་པ་ཆེ་རུ་བཏང་ཡོད། འཕྱོངས་རྒྱས་གྲོང་རྡལ་གྱིས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་རྒྱུན་མཐུད་བརྟན་དུ་བཏང་ནས་ཁྱབ་ཁོངས་མི་འདྲ་བའི་ཏང་ཡོན་གྱི་ཁྱད་ཆོས་ལ་དམིགས་ཏེ་ཐོག་མའི་བསམ་འདུན་གྱི་ཏང་གི་སློབ་ཚན་དང་། སྲིད་ཇུས་ཀྱི་ཏང་གི་སློབ་ཚན། ཁྲིམས་སྐྱོང་གི་ཏང་གི་སློབ་ཚན། རིག་གནས་ཀྱི་ཏང་གི་སློབ་ཚན། སྐྱེ་ཁམས་ཀྱི་ཏང་གི་སློབ་ཚན་སོགས་ཁྱད་ཆོས་ལྡན་པའི་ཏང་གི་སློབ་ཚན་འཚོལ་ཞིབ་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས“ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པའི”བྱེད་སྒོ་ཐེངས་5སྤེལ་ཡོད།
ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ“ལག་ལེན་སློབ་ཁང”ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད། འཕྱོངས་རྒྱས་གྲོང་རྡལ་ཏང་ཨུད་ཀྱིས་གནད་དོན་ཐག་གཅོད་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཚན་ཁག་གི་ཁོངས་མིས་རང་འགུལ་ངང་འགན་གཙང་བླངས་པའི་སྡེ་ཁུལ་དུ་བསྐྱོད་དེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཡོད། སྡེ་ཚན་ཁག་གིས“ངས་མང་ཚོཌ་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ་རིགས་པའི་གཞུང་ལུཌ་སློབ་སྦྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར་སོགས་མཉམ་འདྲེས་དམ་ཟབ་བྱས་པ་དང་སྡེབ་གཅིག་ལ་སྐུལ་འདེད་བཏང་ཡོད།