《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月12日

དགུན་དལ་དུས་སུ་མི་རྣམས་སྔར་བཞིན་ལས་བྲེལ་ཆེ།

དགུན་འདེབས་ནི་སང་ལོའི་ཞིང་ལས་ཐོན་སྐྱེད་གྲ་སྒྲིག་གི་ལས་དོན་དང་པོ་ཡིན་ཞིང་། ལོ་གཅིག་གི་ཞིང་ལས་ཐོན་སྐྱེད་གྲུབ་ཆའི་བཀོད་སྒྲིག་དང་འབྲེལ་བ་ཡོད། དགུན་གྲོ་དང་དགུན་ནས་ཀྱི་ཐོན་འབབ་བརྟན་ཐོག་ཡར་འཕེལ་ཡོང་བའི་འགན་ལེན་བྱ་ཆེད། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས“སྔ་ཙམ་བཀོད་སྒྲིག་དང་སྔ་ཙམ་དོན་འཁྱོལ”གྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་དགུན་འདེབས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་ཐོན་སྐྱེད“གཉིས་ཀར་དམ་འཛིན་དང་གཉིས་ཀ་མི་འཕྱུགས་པའི”འགན་ལེན་བྱས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་ཡུལ་མི་དགུན་འདེབས་ལས་ལ་བྲེལ་བཞིན་པ།