2023ལོར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་རིག་གནས་ཀྱི་སྤུས་རྟགས་གཏོད་རྒྱུར་ཤུགས་བརྒྱབ་པ་དང་ཆབས་ཅིག ཁྱམས་རའི་རིག་གནས་ལས་དོན་གཏིང་ཟབ་སྤེལ་རྒྱུ་དེ་རིག་གནས་ཀྱི་སྤུས་རྟགས་འཛུགས་གཏོད་ལས་དོན་ཁྲོད་མཉམ་འདྲེས་ཡོང་བར་བྱས་ཐོག་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པ་རིག་གནས་ཁྱམས་ར་འཆར་འགོད་ལས་དོན་ནང་ཞུགས་པའི་སྒྲིག་འཛུགས་བྱས་ནས། ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་བ་རེད།
འདི་ནི་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ལས་དོན་པར་ཚན་པའི་ཏང་འཛུགས་སྐྱོང་གི་ལས་དོན་ངོ་སྤྲོད་བྱེད་བཞིན་པ།