2023ལོར་ཉིང་ཁྲིའི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་དང་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྤེལ་རེས་དང་། ལས་སྒོའི་མཉམ་ལས། ཤེས་ལྡན་པའི་གསོ་སྐྱོང་སོགས་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་པ། ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་རྒྱུ་དང་ཁེ་ལས་ཀྱི་གཉེར་སྐྱོང་ཟུང་འབྲེལ་ནུས་ལྡན་བྱེད་པ། ཏང་འཛུགས་སྐྱོང་གིས་ལས་སྒོར་སྐུལ་འདེད་གཏོང་བ། ལས་སྒོས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཕན་ཚུན་སྐུལ་འདེད། མཉམ་དུ་ཡར་རྒྱས”བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།
↑ཀུང་སི་དེས་ཏང་ཡོན་ལས་བྱེད་པར་མཐའ་སྲུང་དཔོན་དམག་ལ་འཚམས་འདྲི་བྱེད་དུ་བཅུག་ནས་ཕན་ཚུན་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཏང་གཤིས་བརྟན་དུ་གཏོང་བ།
← ཀུང་སི་དེས་ཏང་ཡོན་ལས་བྱེད་པ“གསར་བརྗེའི་འབྲོག་ཁྱིམ་ཆུང་ངུའི”རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་དུ་བཅུག་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པ།