《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月11日

ནག་ཆུ་གྲོང་ཁྱེར་གྱིས་ས་མཐོའི་སྤུས་རྟཌ་དང་། ལྗང་མདོག་སྤུས་རྟགས། ཁྱད་ལྡན་སྤུས་རྟཌ་བཅས་ཧུར་ཐག་བཏོད་དེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེཌ་ཆར་འགྱུར་བར་བྱས་པ།

ས་བབ་མཐོ་ཤོས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན།

2023ལོའི་ཟླ་11ཚེས་17ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་རྟ་སྒ་ཕུའི་ཀྲའོ་ཝ་100ཟིན་པའི་རླུང་གློག་རྣམ་གྲངས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.5བཏང་བ།

2023ལོའི་ཟླ་12ཚེས་7ཉིན། ནག་ཆུ་གྲོང་རྡལ་ས་འོག་ཚ་ནུས་ཀྱི་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་ནས་དགུན་དུས་ས་འོག་ཚ་ནུས་ཀྱི་དྲོད་མཁོ་འདོན་ཐོག་མར་མངོན་འགྱུར་བྱུང་བ།

2023ལོའི་ཟླ་12ཚེས་15ཉིན། ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་འགོ་ཚུགས་ཤིང་། རྫོང(ཆུས)11དང་། ཞིང་འབྲོག་ལས་ཀྱི་ཁེ་ལས་10ལྷག་ཙམ། ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་170ལྷག་ཙམ་བཅས་འགྲེམས་ཚོགས་ནང་ཞུགས་ནས་ཁྱད་ལྡན་ཐོན་རྫས་སྣ་ཁ་100ལྷག་ཙམ་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད།

2024ལོའི་ཟླ་1ཚེས་1ཉིན། འཛམ་གླིང་ཐོག་གི་ས་བབ་ཧ་ཅང་མཐོ་བའི་ཁུལ་གྱི་རླུང་ཤུགས་གློག་ཁང་ཆེ་ཤོས་ཏེ། ནག་ཆུ་འོ་མ་དིང་དགེ་ཡི་ཀྲའོ་ཝ་100ཟིན་པའི་རླུང་གློག་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རྣམ་གྲངས་དེ་འཛུགས་སྐྲུན་བྱེད་པ་ནས་གློག་དྲ་སྦྲེལ་ནས་གློག་གཏོང་བའི་བར་ཟླ་བ་7ལས་འགོར་མེད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། 2023ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་པ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ས་མཐོའི་སྤུས་རྟགས་དང་། ལྗང་མདོག་སྤུས་རྟགས། ཁྱད་ལྡན་སྤུས་རྟགས་བཅས་ཡག་པོ་བཏོད་དེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱས་པས། མི་རིགས་ཁག་གི་མི་དམངས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་པ་ལས་དཔལ་འབྱོར་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད།

རྣམ་གྲངས་འཛུཌ་སྐྲུན་མགྱོཌ་མྱུར་བྱེད་པ།

གྲང་ངར་ཆེ་བའི་དགུན་དུས་སུ་དྲོད་རླངས་མཁོ་འདོན་ཐུབ་པས་མི་སེམས་ལ་དྲོ་སྐྱིད་དེ་བས་སྦྱིན། ནག་ཆུ་གྲོང་ཁྱེར་གྱིས་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་འབྲོག་དུད་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པར་བྱས་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

—— སྙན་རོང་རྫོང་ཉི་མ་ཤང་གིས“ཐཱན་མེད”གྲོང་རྡལ་ཆུང་ངུའི་ཚོད་ལྟའི་ལས་དོན་སྤེལ་ནས“འོད་ཤུགས་དང་དྲོད་ལེན་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ་ཁྱིམ་ཚང་100ལྷག་ཙམ་གྱི་དྲོད་ལེན་གནད་དོན་ཐག་གཅོད་བྱས་ཡོད།

—— མ་དངུལ་སྒོར་དུང་ཕྱུར་1.04བཏང་ནས་གསེར་རྙེད་ཆུས་ཀྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་ཉི་ནུས་གཅིག་སྡུད་ཀྱི་དྲོད་རླངས་མཁོ་འདོན་མ་ལག་དང་རམ་འདེགས་ཚ་ཁུངས་ཟུང་འབྲེལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་བསྐྲུན་ནས། དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་7.42ཟིན་ཏེ་གྲོང་མི་དུད་ཚང་640ལྷག་ཙམ་གྱི་ཉིན་རེའི་འཚོ་བའི་དགོས་མཁོ་འགན་ལེན་ཐུབ་ཡོད།

དྲོད་རླངས་མཁོ་འདོན་རྣམ་གྲངས་གང་མགྱོགས་ལག་ལེན་བསྟར་བས་མང་ཚོགས་ཚ་སོབ་སོབ་ངང་དགུན་ཁ་སྐྱེལ་རྒྱུ་བྱུང་ཡོད། གྲོང་གསེབ་ནས་སློབ་གྲྭ་དང་སྨན་ཁང་བར་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་ལག་ལེན་བསྟར་བས་མང་ཚོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་དྲོ་སྐྱིད་ཟབ་མོ་ཚོར་ཡོད།

2023ལོའི་ཟླ་8ཚེས་5ཉིན། ནག་ཆུ་གྲོང་ཁྱེར་གྱི་2023ལོའི་ནུས་རྒྱུ་གསར་པའི་རྣམ་གྲངས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་དུ་གཅིག་སྡུད་ལས་འགོ་ཚུགས་པའི་མཛད་སྒོ་གཉེར་བ་དང་། ནུས་རྒྱུ་གསར་པའི་རྣམ་གྲངས་9གསར་དུ་བསྐྲུན་པའི་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་120ཟིན་རྒྱུ་ཡིན་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་གཏོང་རྩིས་ཡོད། 2023ལོར་ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་མཁོ་སྤྲོད་འགན་ལེན་རྣམ་གྲངས་5སྔ་རྗེས་སུ་དྲ་བ་སྦྲེལ་ནས་གློག་ཤར་གཏོང་ཐུབ་ཅིང་། གློག་མཁོ་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་30མང་དུ་ཕྱིན་པ་དང་། གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་6ལྷག་ཙམ་ཟིན་པ། ཕྱི་ཕྱོགས་ལ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1ལྷག་ཙམ་ཟིན་ཡོད།

རྣམ་གྲངས་འཛུགས་སྐྲུན་ནི་ནག་ཆུ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་དམ་འཛིན་བྱེད་ས་གལ་ཆེན་ཞིག་རེད། 2023ལོར་ནག་ཆུ་གྲོང་ཁྱེར་གྱིས“རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལོ”གོ་སྐབས་སུ་བྱས་ནས་མ་དངུལ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་141མང་དུ་བཏང་ནས་རྣམ་གྲངས་784ལས་འགོ་བསྐྱར་ཚུགས་བྱས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་90ལྷག་ཙམ་བཏང་ཡོད།

དམངས་ཀྱི་འཚོ་བ་སྔར་བས་ལེགས་སུ་བཏང་བ།

ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། དོན་དངོས་དང་མཐུན་ཤོས་ཡིན་པ་བཅས་ཀྱི་དམངས་འཚོའི་དོན་གནད་ལ་འགོ་བཙུགས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས“དམངས་འཚོའི་འདྲི་གཞིར”རྒྱུགས་ལན་འབུལ་བ། མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱས་ཏེ་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་དོན་ཆུང་མང་ཚོགས་ཀྱི་འདོད་བློ་ལྟར་བསྒྲུབས་ཡོད།

མི་རིང་བའི་གོང་མཚོ་གཉིས་རྫོང་ཡག་ཆུ་ཤང་ལ་གློ་བུར་དུ་གངས་ཆེན་པོ་བབས་ནས་འབྲོག་དུད་ཁག་གི་སྒོ་ཕྱུགས་མགོ་གྲངས་ཁྲི་3ལྷག་ཙམ་ལ་གནོད་སྐྱོན་ཕོག་ཡོད། ཡག་ཆུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་དུས་ཐོག་ཏུ་ཏང་ཡོན་ལས་བྱེད་པ་73ལས་གྲུབ་པའི་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་མི་ཕྱུགས་བདེ་འཇགས་ཁུལ་དུ་སྤོ་བ་སོགས་ཀྱི་ལས་དོན་འཕྲལ་མར་སྤེལ་བས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད།

ནག་ཆུ་གྲོང་ཁྱེར་གྱིས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་དམངས་ཀྱི་ཆེད་དུ་བྱ་བ་དངོས་1738སྒྲུབ་པ་དང་། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་2500ལྷག་ཙམ་ཐག་གཅོད་བྱས་པས་དམངས་ལ་ཞབས་འདེགས་ཞུ་བའི་མིག་དཔེ་མངོན་པ་དང་ཞབས་ཞུའི་ཁྱད་ཆོས་དེ་བས་མངོན་པར་བྱས་ཡོད།

ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་བ།

ནག་ཆུ་གྲོང་ཁྱེར་གྱི་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་བཟུང་བ་དང་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་བ་ཡོད།

2023ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱིས་དེ་སྔའི་བསམ་གཞིག་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས“མཐུན་སྦྱོར་རྒྱུན་འཁོར་བྱེད་ཐབས”ཡག་པོ་སྤྱོད་པ་དང་། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འབྲོག་ལས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐུན་མོང་གི་བསམ་ཇུས་ཡག་པོ་འདིང་བ་དང་མཉམ་ལས་ཧ་ཅང་ལེགས་པོ་བྱས་ཡོད།

དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིས་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ནས་ལྷ་སར་ཕྱིར་ཚོང་ཁང་8དང་ནག་ཆུར་ཕྱིར་ཚོང་ཁང་2བཙུགས་པ་དང་འབྲེལ་ནག་ཆུར་དཀར་ཆུའི་ས་ཚིགས་12བཙུགས་ཡོད། 2018ལོའི་དཀར་ཆུ་བསྡུ་བའི་ཉིན་མོ་ནས་2023ལོའི་ཟླ་དགུ་པའི་ཟླ་མཇུག་བར་ཁྱོན་དཀར་ཆུ་རྒྱ་མ་ཁྲི་711.69བསྡུས་པར་དངུལ་སྒོར་ཁྲི་7273.71ལྷག་ཙམ་སྤྲད་ཡོད།

སྙན་རོང་རྫོང་གིས་གྲོང་སྦྲེལ་ཏང་ཨུད་སྔོན་ལ་ཚོད་ལྟ་ལག་བསྟར་བྱས་པ་དང་གྲོང་ཚོ་རྐྱང་པའི་འཕེལ་རྒྱས་ཀྱི་མདུན་ལམ་ཞན་པ་དང་། གྲོང་ཚོ་རིམ་པའི་ཐོན་ལས་ཆུང་ཞིང་ཁ་ཐོར་ཡིན་པ། སྲོལ་རྒྱུན་གྱི་ཐོན་ལས་འཕེལ་རྒྱས་འགྲོ་དཀའ་བ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ནས་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཉི་མ་ཤང་གཡུ་མཆོག་གྲོང་ཚོ་དང་དེའི་ཉེ་འགྲམ་གྱི་གྲོང་ཚོ་5ཡིས་ཉི་མ་ཤང་གི“གྲོང་སྦྲེལ་ཏང་ཨུད་གཉིས་པ”བཙུགས་ནས་རྩྭ་ར་དང་། སྒོ་ཕྱུགས། མ་དངུལ་སོགས་མ་རྐང་ནང་ཞུགས་པའི་རྣམ་པ་བརྒྱུད་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་གསར་གཏོད་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ཡོད།

ཉེ་ཆར་ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་ལ་གསེར་རྙེད་ཆུས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས“ནག་ཆུའི་འབྲི་གཡག”ཡོངས་བསྒྲགས་ཚོགས་འདུ་དང་དབུས་རྒྱུད་ཀྱི་རྫོང་དང་ཆུས་བཞི་ཡི་ཐོན་ལས་མནའ་འབྲེལ་གྱི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། དེའི་དམིགས་ཡུལ་ནི“གྲོང་ཁྱེར་ཡོངས་ཀྱི་ཤར་དབུས་ནུབ་གསུམ་གྱི་ས་ཁོངས་དབྱེ་བ་དང་ས་ཁོངས་ཅན་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཡག་པོ་གཏོང་བའི”སྤྱིའི་བཀོད་སྒྲིག་ལ་གཞིགས་ནས་ས་ཁོངས་ཀྱི་རི་ཆུ་སྦྲེལ་བ་དང་། ས་ཁོངས་རིག་གནས་མཉམ་འདྲེས། འཕེལ་རྒྱས་ཀྱི་རྨང་གཞི་འདྲ་བ། ལས་གཏོད་ཀྱི་རིགས་འདྲ་བ་སོགས་ཀྱི་ཆ་རྐྱེན་ལ་བརྟེན་ཏེ་ཞིང་འབྲོག་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ས་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་མགྱོགས་ལ་བརྟན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

(རྡོ་རྗེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)