དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་བོད་ཀྱི་ས་གནས་ཁག་གི་ཁྲོམ་ར་འཁྲུག་ཆ་དོད་ཅིང་། ཁྲོམ་བཀྱག་ཏུ་བཤམས་པའི་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ལས་མི་རྣམས་ཀྱི་ཡིད་དབང་བཀུག་པ་དང་ལོ་གསར་གྱི་མཁོ་ཆས་ཉོ་མཁན་གྱི་མང་ཚོགས་རྒྱུན་ཆད་རྒྱུ་མེད་པར་ལོ་གསར་གྱི་རྣམ་པ་ཤིན་ཏུ་ཟབ།
པར་①ནི་མང་ཚོགས་ཀྱིས་ལོ་གསར་ཆ་ཡིག་སྟོན་བཞིན་པ།
པར་②ནི་ཚོང་པས་བོད་ཆས་ལྟེབ་རྩེག་རྒྱག་བཞིན་པ།
པར་③ནི་མང་ཚོགས་ཀྱིས་ལོ་གསར་མཁོ་ཆས་ཉོ་བཞིན་པ།