2024ལོའི་ལས་དོན་བཀོད་སྒྲིག
★ ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་800དོན་འཁྱོལ་བྱས་ནས་ཁྲོན་བོད་ལྕགས་ལམ་གྱི་བོད་ལྗོངས་དུམ་བུ་དང་། G4218ཀྱི་སེང་གེ་ཁ་འབབ་གྲོང་རྡལ་ནས་དགུན་ས་གནམ་ཐང་བར་གྱི་དུམ་བུ། G219ལམ་རྒྱུད་ཀྱི་མེ་ཏོག་ནས་རྫ་ཡུལ་བར་གྱི་དུམ་བུ། G318སྤུས་ཚད་ལེགས་གཏོང་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ།
★ སྤོ་བོ་རྫོང་ནས་ར་འོག་བར་གྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གོར་ལྷ་བར་གྱི་གློག་ཤུགས་ཅན་གྱི་བཟོ་བཀོད་རྣམ་གྲངས་ལས་འགོ་འཛུགས་ཐུབ་པ་བྱ་རྒྱུ།
★ ཁྱད་ལྡན་གྲོང་གསེབ་ཁག་15སྒྱུར་བཀོད་རིམ་སྤོར་བྱ་རྒྱུ།
★ ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20བསྐྲུན་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་100ཡན་ཟིན་ཐུབ་པ་བྱ་རྒྱུ།
★ “སྒོར་ཁྲིའི་མཉམ་ལས་ཁང”10དང་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་30བཙུགས་རྒྱུ།
★ ཡུལ་བབ་ལ་བསྟུན་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
★ འགན་སྲུང་རང་བཞིན་གྱི་ཚང་སྒྲིག་ཁང་པ་ཁྲི་3.95གསར་རྒྱག་མཐུད་སྐྲུན་དང་སྡེ་ཁུལ་རྙིང་གྲས་38ལ་བཟོ་བཅོས་རྒྱག་རྒྱུ།
★ རིག་ནུས་འགག་སྒོ་གང་མགྱོགས་འཛུགས་སྐྲུན་བྱས་ནས་སྐྱིད་རོང་དང་། སྤུ་ཧྲེང་། ལེགས་རྩེ། གོང་དཀར་གནམ་ཐང་བབས་ཚུགས་སོགས་ཀྱི་འགག་སྒོའི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
★ མི་ཕྱུགས་ལོགས་དབྱེའི་དུད་ཚང་ཁྲི་3.8དང་དུད་ཚང་གི་གསང་སྤྱོད་ཁྲི་2.2སྒྱུར་བཀོད་བྱ་རྒྱུ་མ་ཟད། བདེ་སྡོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁག་300འཛུགས་སྐྲུན་བྱ་རྒྱུ།
★ “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་འཛུགས་རྒྱུ།
★ ཐོན་ལས་གསར་པ་གཉེར་མཁན་གྱི་བཟོ་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས། རྩལ་ནུས་ཤེས་ལྡན་པ་ཁྲི་1.5ཡན་མང་དུ་གཏོང་རྒྱུ།
★ ཞིང་འབྲོག་པ་མི་ཁྲི་63ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་བྱ་རྒྱུ།
★ “དམིགས་པ་ལྔའི”བླང་བྱ་དོན་འཁྱོལ་བྱས་ནས། འཕྲོད་བསྟེན་བདེ་ཐང་གི“ལས་འགུལ་ཁག་བརྒྱད”སྤེལ་རྒྱུ།
★ “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ཤུགས་ཆེན་སྤེལ་རྒྱུ།
★ ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག མ་དངུལ་སྒོར་དུང་ཕྱུར་121.4བཀོད་སྒྲིག་བྱས་ནས། དམངས་འཚོའི་བྱ་བ་དངོས་21བསྒྲུབ་རྒྱུ།
★ སློབ་གསོའི“འགན་ལེན་གསུམ”དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ། དྭ་ཕྲུག་དང་གསོ་ཉར་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བ་འགན་སྲུང་། རྒན་རྒོན་ལོ་ན་མཐོ་བ་དང་ངལ་ནུས་ཤོར་བའི་མི་སྣའི་ཁ་གསབ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་སྐྱོན་ལ་ལྟ་སྐྱོང་བྱེད་པའི་ཁ་གསབ། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་སོགས་རྣམ་གྲངས་13གྱི་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ།
★ གཞི་རིམ་གྱི་དྲོད་རླངས་མཁོ་འདོན་དང་། ས་ཁད་མཐོ་བའི་གསོ་རླུང་མཁོ་འདོན། མང་ཚོགས་ཀྱི་བཟའ་བཅའི་འཚོ་བཅུད་ལེགས་གཏོང་། ནགས་ཚལ་འགན་བཅོལ་གྱི་ཚོད་ལྟ་སྤེལ་བ་སོགས་རྣམ་གྲངས་ཁག་8ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ།
★ ཤིང་འཛུགས་ནགས་བཟོ་མུའུ་ཁྲི་95ཡན་གསར་བཟོ་དང་རྩྭ་ཐང་ཞན་འགྱུར་མུའུ་ཁྲི་550སླར་གསོ་དང་བཅོས་སྐྱོང་བྱ་རྒྱུ།
★ “ཇོ་མོ་གླང་མ”སོགས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ།
★ “སྙིགས་མེད་གྲོང་ཁྱེར”དང“སྙིགས་མེད་ཕྲ་ཕུང”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།