《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月06日

“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང《“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

《བསམ་འཆར》ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད(གཤམ་དུ“འདུ་འགོད་ཁྲི་སྟོང”ཞེས་བསྡུ་རྒྱུ)སྐུ་ངོ་མས་ཇུས་འགོད་དང་སྐུལ་འདེད་བཏང་གནང་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་པ་ནས་འགོ་བཙུགས་ཏེ་གནས་ནས་ཁྱོན་དང་རིམ་པ་བཞིན་ལེགས་སུ་བཏང་ཞིང་། ལོ་20ཡི་རིང་རྒྱུན་མཐུད་འབད་བརྩོན་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྲི་སྟོང་མང་པོ་བསྐྲུན་པ་དང་། ཞིང་པ་མང་ཚོགས་ཁྲི་སྟོང་མང་པོར་ཕན་པ་བསྐྲུན་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ལག་ལེན་དཔེ་མཚོན་ཅན་གསར་གཏོད་བཅས་བྱས་ཡོད། “འདུ་འགོད་ཁྲི་སྟོང”ལ་ལྡན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ལས་ཀའི་བྱེད་ཐབས། སྐུལ་སྤེལ་གྱི་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ཇུས་བསྟར། གོམ་པ་རིམ་བགྲོད། སྙིང་རུས་གཏན་འཁྱོངས། མང་ཚོགས་ལ་སེམས་འགུལ་ཐེབས་པའི་དོན་དངོས་ཁག་གཅིག་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྒྲུབ་པར་དམ་འཛིན་ཡག་པོ་བཅས་བྱས་ཏེ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། 2024ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་པ། “འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དེ་ཁྲིད་སྟོན་དུ་འཛིན་པ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐེབས་པ་བྱེད་པ་མཐའ་ཚད་དུ་འཛིན་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཅས་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ཚན་རྩལ་དང་སྒྱུར་བཅོས་ཀྱི་སྒུལ་ཤུགས་གཉིས་ལ་ཤུགས་སྣོན་རྒྱག་པ། ཞིང་པའི་འབབ་འཕར་ཐབས་ལམ་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་དམག་འཐབ་རྒྱག་མཁས་པོ་བཅས་བྱས་ཏེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས།

《བསམ་འཆར》ནང་ནན་བཤད་བྱས་དོན། གཅིག་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ཏེ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་རེས་སྐོར་གསར་པའི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཆིག་སྟོང་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དེང་རབས་ཀྱི་ཞིང་ལས་གཉེར་སྐྱོང་མ་ལག་འཛུགས་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་སྙོམས་སྒྲིག་སྟངས་འཛིན་བྱེད་ནུས་ཆེ་རུ་བཏང་ནས་ཟས་རིགས་གྲོན་ཆུང་གི་བྱ་སྤྱོད་ཁག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། གཉིས་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐེབས་པའི་འགན་ལེན་བྱས་ཏེ་དབུལ་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ས་ཁུལ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ལེགས་སུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་འཁོར་རྒྱུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་པའི་འབབ་འཕར་ཐབས་ལམ་ལེགས་སུ་གཏོང་དགོས། བཞི་ནས་གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་འཆར་འགོད་ཀྱི་སྣེ་ཁྲིད་ནུས་ཕྱོད་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་གཏོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་གཞི་གཅིག་ཅན་གྱི་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རེས་སྐོར་གསར་པའི་ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་སྒྱུར་བའི་བྱ་སྤྱོད་ལག་ལེན་བསྟར་བ་དང་ཆ་རྐྱེན་ཡོད་པའི་རྫོང(གྲོང་ཁྱེར་དང་ཆུས)ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཚང་མ་སྡོད་ཁང་འགན་ལེན་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུའི་སྐུལ་ལྕག་བྱེད་དགོས། ལྔ་ནས་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་བདེའི་གྲོང་གསེབ་སྐྲུན་དགོས། དྲུག་ནས་ཏང་གིས“ཞིང་གསུམ”ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་རྒྱས་ཀྱི་སྣ་མང་མ་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས།

《བསམ་འཆར》ནང་ད་དུང་ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་ཐད་ཞིབ་ཕྲའི་བླང་བྱའང་བཏོན་ཡོད་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་པ་ཕན་གྱིས་ཞུས)