“འདམ་གཞུང་བབས་ཚུགས་སུ་གངས་རིམ་བཞིན་ཆེ་རུ་འགྲོ་ཡི་འདུག ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་ཐོག་གི་གངས་གསོག་དུས་ཚོད་དམ་འཛིན་གྱིས་འཕྱགས་ནས་མེ་འཁོར་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ཟླ་1ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་30ལ་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོཌ་པ་ཚད་ཡོད་ཀུང་སིའི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་འདམ་གཞུང་བརྡ་རྟཌ་ལས་དོན་ཁུལ་གྱི་ཁུལ་ཀྲང་ཡན་མིང་ལ་འདམ་གཞུང་བབས་ཚུགས་ཀྱི་ལས་རེས་པའི་ཁ་པར་འབྱོར།
སྐར་མ་ཁ་ཤས་སོང་རྗེས་ཀྲང་ཡན་མིང་དང་ལས་དོན་པ་གཞན་དག་ཚོས་གངས་འཕྱག་ཡོ་བྱད་ཁྱེར་ཏེ་ཉལ་ཁང་ནས་མགྱོགས་མྱུར་ཐོན།
ས་བབ་སྨི་4395སར་ཡོད་པའི་འདམ་གཞུང་བརྡ་རྟགས་ལས་ཁུལ་གྱིས་མཚོ་བོད་ལྕགས་ལམ་གྱི་སྙིང་གྲོང་དང་། འདམ་གཞུང་། ལུང་རིང་། དབུ་མ་ཐང་བཅས“སྤྲིན་ཐོག་ས་ཚིགས་ཆུང་ངུ”4ཡི་བརྡ་རྟགས་སྒྲིག་ཆས་ལ་འཆར་ཅན་བདག་སྐྱོང་བྱེད་པའི་འགན་འཁུར་གྱི་ཡོད།
ཉིན་གཉིས་པའི་ཆུ་ཚོད་00དང་སྐར་མ་10ལ་ཁོང་ཚོ་འདམ་གཞུང་བབས་ཚུགས་སུ་འབྱོར་སྐབས། ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་འདི་ཉིད་གངས་གསོག་ཐེབས་ནས་མཐོང་རྒྱུ་མེད་པར་གྱུར་ཡོད། ཚང་མས་ལས་བགོས་ལྟར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་གངས་འཕྱག་འཁྱགས་གཏོར་སོགས་ཀྱི་ལས་ལ་གཞོལ།
འུར་འུར་དུ་ལྡང་བའི་གྲང་ལྷགས་ཁྲོད་དུ་ཀྲང་ཡན་མིང་གིས་གངས་ཆེན་པོ་བབ་ཀྱི་འདུག ཁྱེད་ཚོ་སྡུག་རུས་བྱེད་ཨང་ཅེས་སྐད་ཤུགས་ཆེན་པོས་ལྕག་སྐུལ་བྱས། རུས་ཟུག་རྒྱག་པའི་གྲང་ལྷགས་དང་འབབ་རྒྱུན་མི་ཆད་ཀྱི་ཁ་བའི་ཁྲོད། འདི་གར་གངས་འཕྱག་འཁྱགས་གཏོར་བྱེད་མཁན་ཚོ་ཡུད་ཙམ་ཞིག་ལ“གངས་མི”ལྟ་བུར་གྱུར།
ཆུ་ཚོད་ཕྱེད་ཀ་ཙམ་རིང་ཛ་དྲག་ངང་འབད་འཐབ་བྱས་པ་བརྒྱུད། གངས་འཕྱག་འཁྱགས་གཏོར་བྱེད་མཇུག་འགྲིལ་ལ། ཁ་བའང་རིམ་བཞིན་བབ་མཚམས་ཆད།
“འདམ་གཞུང་བབས་ཚུགས་ཀྱི་ས་ཚིགས་ཡོངས་ཀྱི་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་ཚང་མར་ཞིབ་བཤེར་བྱས་པ་ཡིན། རྒྱུན་གཏན་ལྟར་བེད་སྤྱོད་ཆོག་པ་འདུག”ཆུ་ཚོད་00དང་སྐར་མ་40ལ་ཀྲུའུ་ཝུན་ཅུན་གྱི་བརྡ་ཐོ་འབྱོར་རྗེས། ཚང་མས་ཡོ་བྱད་བསྡུ་གསོག་བརྒྱབ་ནས་གོ་རིམ་ལྡན་པའི་ངང་བབས་ཚུཌ་ནས་ཕྱིར་འཐེན་བྱེད་འགོ་བཙུཌ།
དགུན་ཁ་ཤར་ཚུན་དུ་འདམ་གཞུང་བརྡ་རྟགས་ལས་དོན་ཁུལ་གྱིས་གངས་འཕྱག་འཁྱགས་གཏོར་གྱི་འཕྲལ་སྡོམ་ལས་རེས་ལས་དོན་རྒྱུན་དུ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། “སྤྲིན་ཐོག་ས་ཚིགས་ཆུང་ངུ”ཡིས་གྲང་ངར་ཆེ་བའི་མཚན་མོར་གངས་འཕྱག་འཁྱགས་གཏོར་ལས་ལ་གཞོལ་བ་དེའང་མཚོ་བོད་ལྕགས་ལམ་ཐོག་གི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར། (སྤེན་པ་ཚེ་རིང་གིས་བསྒྱུར)