《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月05日

“ང་ཚོའི་འབྱོར་འབྲིང་འཚོ་བ”ཞེས་པའི་ཕུལ་བྱུང་གི་ལོ་གསར་རི་མོའི་པར་རིས་འགྲེམས་སྟོན་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་2024ལོའི“འཚོ་བ་གསར་པ། དར་སྲོལ་གསར་པ། ལོ་གསར་རི་མོ་གསར་པ་སྟེ་ང་ཚོའི་འབྱོར་འབྲིང་འཚོ་བ”ཞེས་པའི་ཕུལ་བྱུང་གི་ལོ་གསར་རི་མོའི་པར་རིས་འགྲེམས་སྟོན་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཚོམས་ཆེན་དུ་གཉེར་བ་རེད།

“ལོ་གསར་རི་མོ་བལྟས་ནས་ལོ་གསར་གཏོང་བ”ནི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཞིག་རེད་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་ཕན་ཚུན་ཀྲུང་ཧྭ་མི་རིགས་ཀྱི་བརྩེ་སེམས་མཚོན་ཐབས་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཀྱང་རེད། ད་རེས་ཀྱི་འགྲེམས་སྟོན་ཐོག་ཁྱོན་ཕུལ་བྱུང་གི་བརྩམས་ཆོས་60ལྷག་ཙམ་འགྲེམས་སྟོན་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།

རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)ཏང་ཨུད་ཀྱི་ཧྲུའུ་ཅི་ཀོན་ཀྲང་གཞོན་པ་ཨའོ་ཁྲའོ་ཡིས། “ང་ཚོས་ད་རེས་ཀྱི་འགྲེམས་སྟོན་བརྒྱུད་རང་ལྗོངས་ཀྱི་མང་ཚོགས་ཀྱིས་རིག་གནས་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བ་ཉམས་སུ་མྱོང་བ་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་དེ་བཞིན་སྒྱུ་རྩལ་མཁས་ཅན་ལ་སྤེལ་རེས་ཀྱི་ལས་སྟེགས་ཤིག་གཏོད་པ། ལོ་གསར་རི་མོ་ཁྱབ་གདལ་བྱེད་པར་བརྒྱུད་སྤེལ་བྱེད་སྟངས་གསར་པ་ཞིག་མཁོ་འདོན་ཐུབ་པའི་རེ་བ་ཡོད”ཅེས་བཤད།