《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月01日

《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་ནང་དོན་གཙོ་བོ། ①

★ བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་པ་དང་གྲོས་ཞིབ་བྱས་པ་རེད། ཚོགས་འདུའི་ཐོག་སྲིད་གཞུང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྙན་སྒྲོན་ནང་བཏོན་པའི་2024ལོའི་སྤྱིའི་ལས་དོན་གྱི་བླང་བྱ་དང་། སྔོན་དཔག་དམིགས་ཚད་གཙོ་བོ། གཙོ་གནད་ལས་དོན་གྱི་གྲོས་འགོ་བཅས་ལ་མོས་མཐུན་བྱས་ནས་སྙན་སྒྲོན་འདིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

2023ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།

★“ལས་གཞི་ཆེན་པོ་བཞི”དང“ལས་འགུལ་ཁག་དྲུག”ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ས་གནས(གྲོང་ཁྱེར)བདུན་ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ལ་འཛུགས་གཏོད་བྱས་པ།

★ སྔོན་དཔག་བྱས་ན། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2300ལས་བརྒལ་ནས་9%ཡས་མས་འཕར་བཟོ་ཡོད་པ་དང་མི་རེར་ཆ་སྙོམས་སྒོར་ཁྲི་6ལས་བརྒལ་བཟོ་ཡོད།

★ གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་ཁྲི་5དང་སྒོར་ཁྲི་2ཟིན་ནས་ཁག་སོ་སོར་6.5%དང་10%ཡས་མས་འཕར་བ།

★ ཁྲོན་བོད་ལྕགས་ལམ་དང་G318ཀྱི་ལེགས་གཏོང་སྒྱུར་བཀོད་ཀྱི་གཙོ་གནད་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

★ ཁུལ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་སོང་བ། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་15སླར་གསོ་བྱ་རྒྱུར་ཆོག་མཆན་ཐོབ་པ། སྐྱིད་གྲོང་དང་། སྤུ་ཧྲེང་། འགྲམ། ལེགས་རྩེ་བཅས་ཀྱི་འགག་སྒོར་འགྲུལ་ཟོག་གཉིས་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད།

★ འབྲུ་རིགས་དང་། སྔོ་ཚལ། ཤ་སྒོང་དཀར་ཆུ་བཅས་ཀྱི་ཐོན་འབོར་ཁག་སོ་སོར་ཏུན་ཁྲི་108དང་། ཏུན་ཁྲི་95 ཏུན་ཁྲི་93ཟིན་ཡོད།

★ རྒྱལ་ཁབ་ཀྱི་ཞིང་པའི་མཉམ་ལས་དཔེ་སྟོན་ཁང་30མང་དུ་བཏང་བ།

★ ས་མཐོའི་ཐབ་ཆས་ཐོན་པའི་ལོ་དང་པོར་ཐབ་ཆས་ཁྲི་67བཙོངས་ནས“ཐབ་ཆས་གསར་བརྗེས”ས་མཐོར་ཡང་བའི་བཟོ་ལས་ཀྱི་ལམ་བུ་གསར་པ་བཏོད་པ།

★ ལོ་འདི་གའི་མཐོ་རིམ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མི་གྲངས་3605ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

★ གློག་ཤུགས་འཕྲུལ་ཚན་གྱི་གློག་གཏོང་ཚད་ཆན་ཝ་ཁྲི་700ལས་བརྒལ་བ་དང་གློག་ཕྱིར་བཏང་ཚད་189%འཕར་བ།

★ ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མི་ཐེངས་ཁྲི་5500དང་ཡོང་འབབ་སྒོར་དུང་ཕྱུར་650ཚད་བརྒལ་བྱུང་ཡོད།

★ མི་ཕྱུགས་ལོགས་དབྱེའི་དུད་ཚང་ཁྲི་7.7ཟིན་པ་དང་དུད་ཚང་ཁྲི་4ཡི་གསང་སྤྱོད་བཟོ་བཅོས་བརྒྱབ་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་220བསྐྲུན་པ། གྲོང་ཚོ(གྲོང་ལྷན)ཁག་1308ཀྱི་རྣམ་པ་གསར་པར་སྒྱུར་བ།

★ ཚོང་འགུག་མ་འདྲེན་གྱི་མ་དངུལ་དོན་འཁྱོལ་བྱུང་ཚད་སྒོར་དུང་ཕྱུར་500ལས་བརྒལ་ཡོད།

★ ས་མཐོའི་ཁྱད་ལྡན་ཐོན་ལས་མིང་གཞུང་གི་གློག་རིན་གཅོག་ཚད་མཐོ་ཤོས་64%ཟིན་པས་སྔོན་དཔག་བྱས་ན་ལོ་ལྟར་གློག་སྤྱོད་མ་གནས་སྒོར་དུང་ཕྱུར་5ཆག་བཟོ་ཡོད་པ།

★ གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་ཚན་ཁག་16བཏོན་པ།

★ ཞིང་འབྲོག་པ་མི་གྲངས་ཁྲི་64.7ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་65.6ཟིན་པ།

★ ཤིང་འཛུགས་ནགས་བཟོ་མུའུ་ཁྲི་120ལེགས་སྒྲུབ་བྱས་པའི་ནང་ལྷ་སའི་ལྷོ་བྱང་རི་བོ་སྔོ་སྒྱུར་མུའུ་ཁྲི་24ཟིན་པ།

★ རྩྭ་ཐང་ཞན་འགྱུར་མུའུ་ཁྲི་614སླར་གསོ་བཅོས་སྐྱོང་བྱས་པ། འཁྱགས་རོམ(གངས་འཁྱགས)དང་འཁྱགས་མཚོའི་ཐོན་ཁུངས་ཀྱི་གདིང་གཞིར་བརྟག་དཔྱད་ལེགས་གྲུབ་བྱུང་བ།

★ རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་ཁག་4མང་དུ་སོང་བ། ས་གནས(གྲོང་ཁྱེར)བདུན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད།

★ མཐའ་མཚམས་གྲོང་གསེབ་ཀྱི་མཁྲེགས་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་97%དང་87%ཟིན་པ།