《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月01日

བོད་ཀྱི་སྟོངས་ཉེའི་བ་གླང་ལ་ཁེ་ལུང་གི་རྒྱུད་པ་ཐོག་མར་ཐོན་པ།

གངས་ལྗོངས་ས་མཐོའི་སྟོངས་ལ་ཉེ་བའི་བ་གླང་གི་རྒྱུད་པ་སྟེ། འགྲམ་གྱི་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་ཉེ་དུས་ཁྲུང་ཆིང་ཡུན་དབྱང་དུ་ཁེ་ལུང་གི་རྒྱུད་པ་བདེ་བླག་སྤེལ་ཐུབ་ཡོད། དེ་ནི་འཛམ་གླིང་ཐོག་ཁེ་ལུང་གི་རྒྱུད་པ་བདེ་བླག་སྤེལ་བའི་བོད་ཀྱི་སྟོངས་ལ་ཉེ་བའི་བ་གླང་ཡིན་ཞིང་། ཟླ་1ཚེས་29ཉིན་ཡུན་དབྱང་དུ་འགྲམ་གྱི་བ་གླང་དང་ང་ཕོད་རྒྱ་ཚའི་བ་གླང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་ཐོག་བོད་ཀྱི་སྟོངས་ལ་ཉེ་བའི་བ་གླང་གི་རྒྱུད་པ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་དངོས་རིགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་གདེང་འཇོག་རྣམ་གྲངས་ཚོགས་ཆུང་གིས་གོང་གསལ་གྱི་གནས་ཚུལ་འདི་སྤེལ་བ་རེད། འདི་ནི་ཁེ་ལུང་རྒྱུད་པའི་ང་ཕོད་རྒྱ་ཚའི་བ་གླང་ཡིན་པ།