《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月30日

རིག་གནས་ཀྱི་ལས་འགན་གསར་པ་རང་རྟོགས་ངང་འཁུར་བ།

——2023ལོའི་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་ཕྱིར་མིག་བལྟས་པ།

འདས་མ་ཐག་པའི་2023ལོར་ཕྱིར་མིག་བལྟས་ཚེ། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ནས། རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་ཁུར་ནས་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས“འཛུགས་གཏོད་བཞི”ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པར་བྱ་ཆེད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། ང་ཚོས་ངོ་མཚར་ཆེ་བའི་པར་རིས་རེ་རེ་བརྒྱུད་2023ལོའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་གྲུབ་འབྲས་ལ་ཕྱིར་མིག་ལྟ་བར་བྱའོ།

↑2023ལོའི་ཟླ་5ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”པེ་ཅིང་དུ་གཉེར་བ་རེད། འདི་ནི་གླེང་སྟེགས་ལ་ཞུགས་མཁན་ཞིག་གིས་གླེང་སྟེགས་ཀྱི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།

↑2023ལོའི་ཟླ་6ཚེས་16ནས་ཚེས་18ཉིན་བར། རིག་གནས་དང་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་ལྷ་སར་གཉེར་བ་རེད། འདི་ནི་བོད་ལྗོངས་འགྲེམས་ཚོགས་ཐོག་ཆབ་མདོ་གྲོང་ཁྱེར་ནས་ཡོང་བའི་འགྲེམས་ཞུགས་ཚོང་པས(གཡོན)སྐུ་མགྲོན་ལ་ཐོན་རྫས་འོས་སྦྱོར་བྱེད་བཞིན་པ།

↑2023ལོར་རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་བྱང་ཆུབ་པ། བཟོ་སྐྲུན་ཕུལ་དུ་བྱུང་བ་བཅས་ཀྱི་ཏང་དང་། མི་དམངས། དུས་རབས་གསར་པ་བཅས་ལ་བསྟོད་གླུ་འབུལ་བའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཁག་གཅིག་སྔ་རྗེས་སུ་སྟོན་པ་དང་། རིག་རྩལ་བརྩམས་ཆོས་ཁག་1000ལྷག་ཙམ་གསར་རྩོམ་དང་བཟོ་བཅོས་བྱས་ཡོད། འདི་ནི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོའི་ཐོག《ནམ་མཐའི་དབར་གྱི་སྐལ་བཟང་མེ་ཏོག》ཅེས་པའི་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།

↑དུས་ཡུན་རིང་པོའི་ནང་ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་ཤུགས་ཆེན་བྱས་ནས་རྩ་ཆེའི་དཔེ་ཚོགས་འབོར་ཆེན་ཞིག་དཔེ་སྐྲུན་་ཟིན་པའམ་ཡང་ན་གཅིག་རྗེས་གཉིས་མཐུད་ཀྱིས་དཔེ་སྐྲུན་བྱེད་སྒང་ཡིན་ཞིང་། འདི་ནི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་དཔེ་རྙིང་ཉམས་གསོ་བྱེད་བཞིན་པ།

↑2023ལོར་ལྗོངས་ཡོངས་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་ཁྲི་10ཡིས་རིག་གནས་དམངས་ཕན་དང་རིག་རྩལ་དང་བླངས་པའི་བྱེད་སྒོ་སྣ་ཚོགས་ཁྲི་97ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་1900ལྷག་ཙམ་ལ་ཕན་པ་ཐོབ་ཡོད། འདི་ནི་ལྷུན་རྩེ་རྫོང་གི་གཡུ་ལྷོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

↑2023ལོར་རང་ལྗོངས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་འདུ་འགོད་དང་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས། གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་དེ་བས་མང་བ་སྔོག་འདོན་ཐུབ་ཏེ་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་སེར་གྱི་བདེ་སྐྱིད་ལྡན་པའི་འཚོ་བར་འགུལ་ཤུགས་སྦྱིན་ཡོད། འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་སེང་རྩེད་འཁྲབ་སྟོན་རྒྱུན་འཛིན་པ་བསྟན་པ་ཨ་ཉི(གཡོན)ཡིས་སློབ་མ་ཚོར་སེང་རྩེད་འཁྲབ་པར་ཁྲིད་སྟོན་བྱེད་བཞིན་པ།

↑2023ལོའི་ཟླ་9ཚེས་19ཉིན། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་དང་པོ་ལྷ་སར་འགོ་ཚུགས་ཤིང་། གླེང་སྟེགས་ཀྱི“ཀྲུང་ཧྭ་ཡི་བླ་སྲོག་བརྟན་པོར་བསྲུངས་ནས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་དམིགས་ཡུལ་ནི་བསམ་བློ་སྤེལ་རེས་དང་། ཉམས་མྱོང་མཉམ་སྤྱོད། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མས་འགོ་ཚུགས་མཛད་སྒོའི་ཐོག་རང་རྒྱལ་གྱི་གནའ་བོའི་རིག་གནས་གསུང་རབ《སློབ་མའི་བསླབ་བྱ》གྱེར་འདོན་བྱེད་བཞིན་པ།

↑2023ལོའི་ཟླ་12ཚེས་15ཉིན། བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་གྱི་འགོ་ཚུགས་བྱེད་སྒོ་སྤེལ་ནས་བོད་ཀྱི་རིག་གནས་ཀྱི་མཚོན་རྟགས་གསར་པ་ཡིན་པའི་བོད་ལྗོངས་ཟློས་གར་ཁང་ཆེན་དངོས་སུ་སྤྱོད་འགོ་ཚུགས་པ་རེད། འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་བོད་ལྗོངས་ཟློས་གར་ཁང་ཆེན་ཡིན་པ།

↑2023ལོར་རང་ལྗོངས་ཀྱིས་ཕུལ་བྱུང་གི་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ནས་དབྱི་ཝུའུ་རིག་གནས་འགྲེམས་ཚོགས་དང་། ཝུའུ་ཧན་རིག་གནས་འགྲེམས་ཚོགས། ཧྲེན་ཀྲེན་རིག་གནས་འགྲེམས་ཚོགས་སོགས་རྒྱལ་ནང་གི་གཙོ་གནད་རིག་གནས་ཐོན་ལས་ཀྱི་འགྲེམས་ཚོགས་ལ་ཞུགས་པས་ས་གནས་ས་ཐོག་ཏུ་ཉོ་ཚོང་བྱེད་ཚད་སྒོར་ཁྲི་3000ལྷག་ཙམ་དང་འདོད་མཐུན་མངགས་ཐོ་སྒོར་ཁྲི་2000ལྷག་ཙམ་ཟིན་ཡོད། འདི་ནི་ལྟ་སྐོར་བ་ཚོས་ཧྲེན་ཀྲེན་རིག་གནས་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་ནས་ཚོང་ཟོག་འདེམས་ཉོ་བྱེད་བཞིན་པ།

← 2023ལོའི་ཟླ་9པར། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་ལོ་ཚོགས་སྐབས་ཉེར་བདུན་པ་བོད་དུ་འཚོགས་ཤིང་། འདི་ནི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་པ་ཚོས་རྒྱལ་རྩེ་རྫོང་བསོད་སྐད་གྲོང་ཚོར་བསླས་འཐག་ལག་ཤེས་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པར་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

↑2023ལོའི་ཟླ་11པར“མཐོ་སྒང་གི་མཛེས་རྩལ། བོད་ལྗོངས་མཛེས་རྩལ་ཁང་སྒོ་མོ་འབྱེད་པའི་འགྲེམས་སྟོན”ལྷ་སར་གཉེར་བ་ལས་བོད་ཀྱི་ཞིང་ཆེན་རིམ་པའི་མཛེས་རྩལ་ཁང་ཐོག་མ་བསྐྲུན་པ་དང་སྒོ་ཕྱེ་བ་མཚོན་ཡོད།