འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་སྟེང་དཀར་ཤང་སྟེང་དཀར་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་བུད་མེད་དང་བླངས་རུ་ཁག་གིས“གོམས་སྲོལ་སྒྱུར་བ་དར་སྤེལ་གཏོང་རྒྱུ་དུད་ཚང་ལ་དྲིལ་བསྒྲགས་བྱེད། ཡ་རབས་སྲོལ་གསར་གཏོད་རྒྱུ་ཀུན་གྱིས་ཤེས་པར་བྱེད་པའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། དང་བླངས་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ལ་རྨོངས་དད་དང་གོམས་སྲོལ་ངན་པ་འགོག་པ་དང་། དེ་བཞིན་ཡ་རབས་སྲོལ་གསར་གཏོད་པའི་དོན་སྙིང་གལ་ཆེན་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་སྟེ་མང་ཚོགས་ལ་ཉེ་འགྲམ་གྱི་དོན་དག་ཆུང་ཙག་ནས་འགོ་བརྩམས་ནས་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་རྒྱས་སྤྲོས་རྒྱས་གཤོམ་བྱེད་པ་དང་། དེ་བཞིན་གཉེན་རྟེན་རྒྱས་པོ་བྱེད་པ་དང་སྒེར་གྱིས་གང་བྱུང་དུ་བཤས་གཏོང་བ་སོགས་ཀྱི་གོམས་སྲོལ་ངན་པ་བཀག་འགོག་བྱེད་པ་དང་། གོམས་སྲོལ་སྒྱུར་བའི་སྣེ་ཁྲིད་པ་བརྩོན་ལེན་བྱས་ནས་ཡ་རབས་གྲོན་ཆུང་གི་འཚོ་བའི་འདུ་ཤེས་འཛུགས་དགོས་པའི་འབོད་སྐུལ་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས། བྱེད་སྒོར་ཞུགས་མཁན་མང་ཚོགས་ཀྱིས། ལུགས་རྙིང་སྲོལ་ངན་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། ཡ་རབས་སྲོལ་གསར་གཏོད་རྒྱུ་དར་སྤེལ་ཧུར་ཐག་གཏོང་མཁན་དང་རང་རྟོགས་ངང་ལག་ལེན་བསྟར་མཁན་ཞིག་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)