ཉིན་ཤས་གོང་། ལོ་གསར་གྱི་ཞིམ་ཟས་དང་། ཡུལ་སྐོར་སྤྲོ་གསེང་། རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི“ཝུའུ་གཡོད་རི་ཆུའི་ཡུལ་སྲོལ་ཉམས་ལེན་གྱིས་བདེ་སྐྱིད་ལྡན་པའི་ལོ་གསར་དགའ་བས་བསུ”ཞེས་པའི་ལིན་ཨན་ཆུས་ཀྱི་ལོ་གསར་གཏོང་སྲོལ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་ཐེ་ཧུའུ་ཡོན་གྲོང་རྡལ་ཀྲི་ནན་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་འགོ་ཚུགས་པ་རེད། འདི་ནི་འཁྲབ་སྟོན་པས་ཐེ་ཧུའུ་ཡོན་གྲོང་རྡལ་ཀྲི་ནན་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་སྲོལ་རྒྱུན་གྱི་འབྲུག་རྩེད་རྩེ་བཞིན་པ།